མཱ་ཁེ་ལིན།
ཀྲུང་གོའི་ལུགས་ཀྱི་དེང་རབས་ཅན་ལ་གྲུབ་འབྲས་གལ་ཆེན་ཐོབ་དོན་མཐར་གཏུགས་ནས་བརྗོད་ན། ཀྲུང་གོ་གུང་ཁྲན་ཏང་གིས་འགོ་ཁྲིད་གནང་བ་ལས་བྱུང་བ་ཞིག་རེད། ཀྲུང་གོ་གུང་ཁྲན་ཏང་ལ་སྔོན་ཐོན་གྱི་བསམ་བློའི་འདུ་ཤེས་ཀྱི་སྣེ་ཁྲིད་ཡོད་པ་དང་དངོས་ཐོག་བདེན་འཚོལ་དང་དུས་བསྟུན་མདུན་སྐྱོད་མཐའ་འཁྱོངས་བྱས་པས། ཀྲུང་གོའི་མི་དམངས་ཀྱི་བརྩི་བཀུར་ཟབ་མོ་ཐོབ་པ་དང་རྒྱལ་ཁབ་ཧྲིལ་པོའི་སྟོབས་ཤུགས་གཅིག་ཏུ་བསྒྲིལ་ཐུབ་ཡོད།
ཀྲུང་གོ་ནི་ངའི་ཕ་ཡུལ་གཉིས་པ་ཡིན། ལོ་60ཡི་གོང་ཀྲུང་གོར་འཚམས་འདྲི་ཐེངས་དང་པོ་བྱས་པ་ནས་བཟུང་ངས་ད་བར་ཀྲུང་གོར་འཚམས་འདྲིར་ཐེངས་70ལྷག་ཙམ་བྱས་པ་ཡིན། ཀྲུང་གོའི་ལུགས་ཀྱི་དེང་རབས་ཅན་གྱིས་བཏོད་པའི་འཕེལ་རྒྱས་ཀྱི་ངོ་མཚར་མིག་མཐོང་ལག་ཟིན་བྱུང་། ཀྲུང་གོའི་དེང་རབས་ཅན་གྱི་འཕེལ་རིམ་ནི་ལོ་རྒྱུས་ཐོག་བྱུང་མ་མྱོང་བ་ཞིག་ཡིན་པ་དང་རྒྱལ་ཁབ་གང་རུང་ཞིག་གི་དེང་རབས་ཅན་གྱི་མྱུར་ཚད་དང་། གཏིང་ཚད། ཁྱབ་རྒྱ་བཅས་ཀྲུང་གོ་དང་བསྡུར་ཐབས་གཏན་ནས་མེད།
ཀྲུང་གོའི་ལུགས་ཀྱི་དེང་རབས་ཅན་ནི་འཛམ་གླིང་ལ་ཕན་པ་འདོགས་པའི་དེང་རབས་ཅན་རེད། ཀྲུང་གོས་མིའི་རིགས་ཀྱི་ལས་དབང་གཅིག་མཐུན་ཚོགས་པ་འཛུགས་པར་སྐུལ་འདེད་བཏང་ནས་ཡུན་རིང་ཞི་བདེ་དང་། ཡོངས་ཁྱབ་བདེ་འཇགས། ཐུན་མོང་དར་རྒྱས། སྒོ་དབྱེ་ཁོག་ཡངས། གཙང་ལ་མཛེས་སྡུག་ལྡན་པ་བཅས་ཀྱི་འཛམ་གླིང་ཞིག་བསྐྲུན་རྒྱུའི་འབོད་སྐུལ་བྱས་ཡོད། ཀྲུང་གོས་གསར་གཏོད་རང་བཞིན་ལྡན་པའི་སྒོ་ནས“རྒྱུད་གཅིག་ལམ་གཅིག”མཉམ་སྐྲུན་གྱི་གྲོས་འགོ་བཏོན་ནས་ཕྱོགས་ཁག་དང་མཉམ་དུ་འཕེལ་རྒྱས་ཀྱི་གོ་སྐབས་མཉམ་སྤྱོད་བྱས་ཏེ་རོགས་ཟླའི་དཔལ་འབྱོར་འཕེལ་རྒྱས་གཏོང་བ་དང་། ལས་ཞུགས་མང་དུ་གཏོང་བ། དམངས་འཚོ་ལེགས་སུ་གཏོང་བ་བཅས་ལ་དགེ་མཚན་ལྡན་པའི་ལེགས་སྐྱེས་ཕུལ་ཡོད།
ཀྲུང་གོའི་ལུགས་ཀྱི་དེང་རབས་ཅན་ལ་གྲུབ་འབྲས་གལ་ཆེན་ཐོབ་དོན་མཐར་གཏུགས་ནས་བརྗོད་ན། ཀྲུང་གོ་གུང་ཁྲན་ཏང་གིས་འགོ་ཁྲིད་གནང་བ་ལས་བྱུང་བ་ཞིག་རེད། ཀྲུང་གོ་གུང་ཁྲན་ཏང་ལ་སྔོན་ཐོན་གྱི་བསམ་བློའི་འདུ་ཤེས་ཀྱི་སྣེ་ཁྲིད་ཡོད་པ་དང་དངོས་ཐོག་བདེན་འཚོལ་དང་དུས་བསྟུན་མདུན་སྐྱོད་མཐའ་འཁྱོངས་བྱས་པས་ཀྲུང་གོའི་མི་དམངས་ཀྱི་བརྩི་བཀུར་ཟབ་མོ་ཐོབ་པ་དང་རྒྱལ་ཁབ་ཧྲིལ་པོའི་སྟོབས་ཤུགས་གཅིག་ཏུ་བསྒྲིལ་ཐུབ་ཡོད།
ཀྲུང་གོའི་མི་དམངས་ཀྱིས་ལོ་བརྒྱ་གཉིས་པའི་འབད་འཐབ་དམིགས་ཚད་མངོན་འགྱུར་བྱེད་པའི་བགྲོད་ལམ་ཐོག་མདུན་སྐྱོད་བྱེད་བཞིན་ཡོད། མ་འོངས་པར་རྒྱང་ལྟ་བྱེད་སྐབས་རྒྱལ་སྤྱིའི་ཐོག་ཀྲུང་གོའི་ཤུགས་རྐྱེན་ཐེབས་ཤུགས་དང་གོ་ལ་ཧྲིལ་པོའི་བཅོས་སྐྱོང་ནང་ཞུགས་པའི་ནུས་པ་ཟམ་མི་ཆད་པར་ཆེ་རུ་ཕྱིན་པས། འཛམ་གླིང་རྒྱལ་ཁབ་ཁག་ལ་མཉམ་ལས་ཀྱི་འཕེལ་རྒྱས་དང་ཐུན་མོང་ཐོག་ཡར་ཐོན་ཡོང་བའི་གོ་སྐབས་དེ་བས་མང་བ་སྦྱིན་ངེས་རེད།
(རྩོམ་པ་པོ་ནི་ཨོ་སི་ཁྲུ་ལི་ཡའི་རྒྱལ་ཕྲན་མཉམ་འབྲེལ་མི་ཆོས་རིག་གནས་སློབ་གླིང་གི་ཡོན་ཧྲི་དང་རྒྱ་རིག་པ་མཁས་ཅན་ཡིན)