《西藏日报》 《西藏日报藏文版》 《人民日报藏文版》 《西藏商报》 《西藏法制报》 《西藏法制报藏文版》

2024年10月15日

ཧོ་པེའི་ཙན་ཧོང་རྫོང་གིས་ཁྱད་ལྡན་ཐོན་ལས་འཕེལ་རྒྱས་བཏང་བ།

འདི་ག་ཚགས་པར་ཁང་དུ་ཧྲི་ཅ་ཀྲོང་ནས་གློག་འཕྲིན་འབྱོར་གསལ། ཉིན་ཤས་གོང་། ཀྲུང་གོ·ཙན་ཧོང་ཆི་བི་ཁ་སྐྱུར་མོའི་ཚི་གུའི་ཐོན་ལས་འཕེལ་རྒྱས་ཚོགས་ཆེན་ཧོ་པེ་ཧྲེ་ཅ་ཀྲོང་དུ་འཚོགས་པ་རེད། ཚོགས་འདུའི་ཐོག་མཉམ་ལས་ཀྱི་མོས་མཐུན་བྱུང་བའི་རྣམ་གྲངས་ལ་མ་དངུལ་ཁྱོན་སྒོར་དུང་ཕྱུར་28ཙམ་བཞག་པ་དེ་ཀྲུང་ལུགས་སྨན་རྒྱུའི་སྤུས་ཚད་མཐོར་གཏོང་དང་བདེ་ཐང་ཐོན་རྫས་ཆེན་པོ་ཞིབ་སྤེལ་སོགས་ཀྲུང་ལུགས་གསོ་རིག་གི་ཐོན་ལས་འཁོར་འབྲེལ་ཧྲིལ་པོ་དང་འབྲེལ་བ་ཡོད་པ་དང་། “ཙན་ཧོང་གི་ཆི་བི་ཁ་སྐྱུར་མོའི་ཚི་གུའི”སྤུས་རྟགས་སྔར་བས་ལེགས་སུ་བཏང་སྟེ་ཁྱད་ལྡན་ཐོན་ལས་འཕེལ་རྒྱས་ལ་སྣེ་ཁྲིད་བྱས་ནས་ཧྲི་ཅ་ཀྲོང་གྲོང་ཁྱེར་གྱིས་སྐྱེ་དངོས་དང་སྨན་རྫས་ཐོན་ལས་ཀྱི་ཁྱུ་ཚོགས་བསྐྲུན་རྒྱུར་འདེགས་སྐྱོར་བྱས་པ་རེད།

ཙན་ཧོང་རྫོང་ནི་ཐའེ་ཧང་རི་རྒྱུད་དུ་གནས་པ་དང་། རི་ཐང་གི་རྒྱ་ཁྱོན་ལ་མུའུ་ཁྲི་115ཟིན་པ་དང་ཤིང་འབྲས་དང་ཤིང་ནགས་ལས་རིགས་ནི་ཀ་རྟེན་ཐོན་ལས་རེད། རྫོང་དེར་རི་སྐྱེས་ཆི་བི་ཁ་སྐྱུར་མོ་མུའུ་ཁྲི་18ཡོད་པ་དང་ཉེ་བའི་ལོ་ཤས་རིང་རྫོང་དེས་ཆི་བི་ཁ་ཆེན་པོ་དང་ཆི་བི་ཁ་སྐྱུར་མོ་སྦྱར་ག་བརྒྱབ་ནས་གསར་གཏོད་འཕེལ་རྒྱས་བཏང་བ་དང་དེ་བཞིན་མི་ཐབས་ལ་བརྟེན་ནས་ཆི་བི་ཁ་སྐྱུར་མོ་མུའུ་ཁྲི་4འདེབས་འཛུགས་བྱས་ནས་འདེབས་འཛུགས་གཞི་ཁྱོན་རྒྱུན་ཆད་མེད་པར་ཆེ་རུ་བཏང་ཡོད།

ཉེ་བའི་ལོ་ཤས་རིང་། ཙན་ཧོང་རྫོང་དེ་ཉིད་རྒྱལ་ཡོངས་ཀྱི་ཆི་བི་ཁ་སྐྱུར་མོའི་ཚི་གུ་ལས་སྣོན་དང་ཉོ་ཚོང་བྱེད་པའི་བསྡུ་འགྲེམས་ལྟེ་གནས་ཆེ་ཤོས་ཀྱི་གྲས་ཤིག་ཏུ་འཕེལ་རྒྱས་བྱུང་ཡོད། རྫོང་དེས་ཆེད་ལས་ཅན་གྱི་ཆི་བི་ཁ་སྐྱུར་མོའི་ཚི་གུའི་ཀུང་སི་300ལྷག་ཙམ་སྐྱེད་སྲིང་བྱས་པ་དང་ལས་སྣོན་དུད་ཚང་1100ལྷག་ཙམ་དང་ལས་མི་ཁྲི་ཡན་ལ་སྐུལ་ཁྲིད་བྱས་པས། ཆི་བི་ཁ་སྐྱུར་མོའི་ཚི་གུ་ལས་སྣོན་དང་ཉོ་ཚོང་བྱེད་པ་དེ་ས་གནས་དེ་གའི་ཞིང་པའི་འབབ་འཕར་ཕྱུག་འགྱུར་གྱི་ཐབས་ལམ་གལ་ཆེན་གྱི་གྲས་སུ་གྱུར་ཡོད་པ་རེད། རྫོང་ཡོངས་ཀྱིས་ལོ་རེར་ཆི་བི་ཁ་སྐྱུར་མོའི་ཚི་གུ་ཏུན་7000ལྷག་ཙམ་ལས་སྣོན་དང་ཕྱིར་ཚོང་བྱས་པས་ཐོན་ལས་ཀྱི་ཁྱུ་ཚོགས་ཆགས་ནས་ཉེ་འཁོར་གྱི་ཆི་བི་ཁ་སྐྱུར་མོའི་ཚི་གུ་ཐོན་ཁུལ་གྱི་ཞིང་པར་འབབ་འཕར་ཡོང་བར་སྐུལ་ཁྲིད་ཐུབ་ཡོད་པ་རེད།