《西藏日报》 《西藏日报藏文版》 《人民日报藏文版》 《西藏商报》 《西藏法制报》 《西藏法制报藏文版》

2024年10月15日

2024ལོའི་དངུལ་རྩའི་ཁྲོམ་གཞུང་གི་གླེང་སྟེགས་ལོ་ཚོགས་ཚེས་18ཉིན་འཚོག་རྒྱུ་ཡིན་པ།

འདི་ག་ཚགས་པར་ཁང་དུ་པེ་ཅིང་ནས་ཟླ་10ཚེས་11ཉིན་གློག་འཕྲིན་འབྱོར་གསལ། 2024ལོའི་དངུལ་རྩའི་ཁྲོམ་གཞུང་གི་གླེང་སྟེགས་ལོ་ཚོགས་ཟླ་10ཚེས་18ཉིན་ནས་ཚེས་20ཉིན་བར་པེ་ཅིང་གི་དངུལ་རྩའི་ཁྲོམ་གཞུང་དུ་འཚོག་རྒྱུ་ཡིན་ཞིང་། སྐབས་འདིའི་ལོ་ཚོགས་ཀྱི་བརྗོད་དོན་གཙོ་བོ་ནི“བློ་གཏད་དང་ཡིད་ཆེས། དངུལ་རྩའི་སྒོ་དབྱེ་མཉམ་ལས་སྐོར་མཉམ་གྲོས་དང་དཔལ་འབྱོར་བརྟན་པོའི་ངང་འཕེལ་རྒྱས་མཉམ་སྤྱོད”ཞེས་པ་དེ་རེད། རྒྱལ་ཁབ་དང་ས་ཁུལ་30ལྷག་ཙམ་ནས་ཕེབས་པའི་སྐུ་མགྲོན་500ལྷག་ཙམ་གྱིས་མིག་སྔའི་དཔལ་འབྱོར་དང་དངུལ་རྩའི་གླེང་མང་བའི་བརྗོད་གཞི་དང་དེ་བཞིན་ཕྱོགས་ཁག་དབར་ཕན་ཚུན་ཡིད་ཆེས་དང་དཔྱད་གཞིར་འཛིན་ཤུགས་ཆེ་རུ་གཏོང་བ་དང་། གཉིས་ཁེ་མཉམ་ལས་ཟབ་ཏུ་གཏོང་བ། འཕེལ་རྒྱས་ཀྱི་གོ་སྐབས་མཉམ་སྤྱོད་བྱེད་པ་བཅས་ལ་སྔར་བས་སྐུལ་འདེད་གཏོང་བར་དམིགས་ཏེ་བློ་གྲོས་མཉམ་སྤྱོད་དང་ཐབས་ལམ་གྲོས་བསྡུར་བྱ་རྒྱུ་ཡིན་པ་རེད།

སྐབས་འདིའི་གླེང་སྟེགས་ལོ་ཚོགས་ཐོག“གླེང་སྟེགས་གཙོ་བོ་དང་། རིམ་མཚུངས་གླེང་སྟེགས། དངུལ་རྩའི་ཚན་རྩལ་ཚོགས་ཆེན་བཅས་ཟུང་དུ་འབྲེལ་བའི”བྱེད་སྒོའི་སྒྲོམ་གཞི་སྤྱད་པ་དང་ཁྱོན་བྱེད་སྒོ་ཁག་40ལྷག་ཙམ་བཀོད་སྒྲིག་བྱས་ཡོད་པ་རེད།

(ལྷ་དབང་གིས་བསྒྱུར། ལྷ་དབང་དང་བུ་ཁྲིད་ཀྱིས་ཞུས)