2000ལོར་ང་རང(ཤེ་ལི་ཁེ·ཁོར་རུའུ་མུའུ་པ་ཡེ་ཧྥུའུ)ས་ཆ་འདིར་ཐེངས་དང་པོ་སླེབས་པ་ནས་བཟུང་གི་ལོ་20ལྷག་ཙམ་རིང་ཀྲུང་གོའི་ཞིང་ཆེན་དང་གྲོང་ཁྱེར་མང་པོར་ཕྱིན་པ་ཡིན། འགྲུལ་བཞུད་བྱེད་རིམ་བཞིན་ཀྲུང་གོར་ཧང་སངས་དགོས་པའི་འགྱུར་ལྡོག་སྣ་ཚོགས་ཕྱིན་པ་མཐོང་བྱུང་།
ངས་ཀྲུང་གོར་བཅངས་པའི་དགའ་ཞེན་ནི་ཀྲུང་གོའི་མི་དམངས་ནས་བྱུང་བ་ཞིག་ཡིན། ལས་ལ་བརྩོན་པ་དང་། ལྷག་བསམ་རྣམ་དག སྐུ་མགྲོན་ལ་སེམས་རྩ་འཁོལ་བ་བཅས་ཀྱི་ཀྲུང་གོ་བའི་གཤིས་རྒྱུད་ལ་བསྔགས་བརྗོད་བྱེད་འོས་པ་ཞིག་འདུག ཀྲུང་གོར་སླེབས་རིམ་བཞིན་ཧྲང་ཧའེ་དང་པེ་ཅིང་ལྟ་བུའི་དར་རྒྱས་ཆེ་བའི་གྲོང་ཁྱེར་ཡིན་ནའང་འདྲ། ཡང་ན་རི་ཆུའི་ཁྲོད་དུ་གནས་པའི་གྲོང་ཚོ་ཆུང་ཆུང་ཡིན་ཡང་རུང་། མི་རྣམས་ཀྱི་རྒྱུན་གཏན་གྱི་འཚོ་བར་ལྟ་ཞིབ་དང་ས་གནས་འདི་གའི་གྲོང་མི་དང་སྤེལ་རེས་བྱ་རྒྱུར་དགའ་པོ་ཡོད། མི་དམངས་དང་འབྲེལ་འདྲིས་བྱས་པ་བརྒྱུད་ངས་རྒྱལ་ཁབ་གཅིག་གི་བླ་སྲོག་ངོ་མ་ཞིག་མཐོང་བྱུང་།
ལོ་འདི་དག་རིང་ངས་ཀྲུང་གོའི་ཞིང་ཆེན་མང་པོར་འཚམས་འདྲིར་སྐྱོད་པ་ཡིན། དེ་ལས་སི་ཁྲོན་གྱི་གངས་རི་དང་། ཡུན་ནན་གྱི་མེ་ཏོག་ཞིང་ར། ནང་སོག་གི་བྱེ་ཐང་། འབྲི་ཆུའི་རི་མོ་བཞིན་མཛེས་པའི་ཡུལ་ལྗོངས་བཅས་མཐོང་བྱུང་། གང་དུ་སླེབས་ཀྱང་དེ་དག་ཚང་མ་ནི་ངའི་ཀྲུང་གོའི་གཏམ་རྒྱུད་ཀྱི་ལེའུ་གསར་པ་ཡིན། འདི་ག་ནི་ངའི་ཕ་ཡུལ་གཉིས་པར་གྱུར།
ཀྲུང་གོ་ནི་མི་རྣམས་ལ་ནམ་ཡང་ཚོར་སྣང་གསར་པ་སྦྱིན་མཁན་གྱི་རྒྱལ་ཁབ་གཅིག་རེད། འདི་གར་སླེབས་རིམ་བཞིན་ཤེས་རྟོགས་གསར་པ་ཞིག་ཡོང་སྲིད། དེ་ཡང་གནའ་དཔེ་ཞིག་དང་འདྲ་བར་ཤོག་ངོས་ཚང་མར་བློ་གྲོས་དང་མཛེས་སྣང་གིས་ཁེངས་ཡོད།
ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་དབུ་བརྙེས་ནས་ལོ་75འཁོར་བའི་མཚམས་སུ་སྔར་སོང་ལ་ཕྱིར་དྲན་བྱེད་སྐབས་རླབས་ཆེན་གྱི་རྒྱལ་ཁབ་དེར་སྡོད་རིང་གི་བརྗེད་པར་དཀའ་བའི་ལོ་ཟླ་ཁོ་ན་རེད་འདུག ལོ་20ལྷག་ཙམ་རིང་ངས་ཐོག་མཐའ་བར་གསུམ་དུ་ཀྲུང་གོར་དམིགས་བསལ་གྱི་བརྩེ་དུང་ཞིག་བཅངས་ཡོད།
《ཧ་སག་སི་ཐན་གྱི་ཁེ་ལས་ཚགས་པར》གྱི་དྲ་ཚིགས་ཐོག་སྤེལ་བའི་གནས་ཚུལ་གཞིར་བཟུང་། རྩོམ་པ་པོ་ནི་ཚགས་པར་དེའི་སྤྱི་ཁྱབ་རྩོམ་སྒྲིག་པ་ཤེ་ལི་ཁེ·ཁོར་རུའུ་མུའུ་པ་ཡེ་ཧྥུའུ་ཡིན།
(པ་སངས་སྒྲོན་ལགས་ཀྱིས་བསྒྱུར། ལྷག་པ་ཚེ་རིང་གིས་ཞུས)