《西藏日报》 《西藏日报藏文版》 《人民日报藏文版》 《西藏商报》 《西藏法制报》 《西藏法制报藏文版》

2024年10月14日

ཀྲུང་གོའི་དབུ་དཀར་དཔལ་འབྱོར་འཕེལ་རྒྱས་རྒྱུན་མཐུད་ཕྱིན་པ།

⇑ འདི་ནི་ཉེ་ཆར། ཁྲུང་ཆིང་གྲོང་ཁྱེར་ཧྲ་ཕིང་པ་ཆུས་ཐེན་ཤིང་ཆའོ་ཁྲོམ་གཞུང་ཐེན་ཁྲེན་ལམ་སྡེ་ཁུལ་གྱི་རྒན་གསོའི་ཞབས་ཞུ་ས་ཚིགས་སུ་རྒན་རྒོན་ཚོས་ཡིག་གཟུགས་སྦྱོང་བཞིན་པ།

ཀྲུང་གོ་རྒྱལ་ཁབ་བསྡོམས་རྩིས་ཅུས་ཀྱི་གྲངས་གཞི་ལས་མངོན་པར་གཞིགས་ན། 2023ལོའི་ལོ་མཇུག་བར་ཀྲུང་གོར་ལོ་60དང་དེ་ཡན་གྱི་མི་འབོར་དུང་ཕྱུར་2.97ཡོད་པ་དེས་རྒྱལ་ཡོངས་ཀྱི་མི་འབོར་གྱི་21.1%ཟིན་པ་དེའི་ནང་ལོ་65དང་དེ་ཡན་གྱི་མི་འབོར་དུང་ཕྱུར་2.17ཡོད་པ་དེས་15.4%ཟིན་ཡོད་པ་རེད། 2021ལོར་ཀྲུང་གོས《དུས་རབས་གསར་པའི་ན་རྒས་ལས་དོན་ལ་ཤུགས་སྣོན་རྒྱག་རྒྱུའི་སྐོར་གྱི་བསམ་འཆར》བཀྲམ་ནས་དབུ་དཀར་དཔལ་འབྱོར་སྐྱེད་སྲིང་ཧུར་ཐག་བྱས་ཏེ་རྒན་རྒོན་ལ་འཚམ་པའི་ཐོན་ལས་འཕེལ་རྒྱས་གཏོང་དགོས་ཞེས་བཏོན་ཡོད།

མིག་སྔའི་འཕེལ་ཕྱོགས་འོག་ཀྲུང་གོའི་ཁེ་ལས་མང་པོ་ཞིག་གིས་ཐབས་ཇུས་ལེགས་སྒྲིག་བྱས་ཤིང་། མིག་སྔར་ཀྲུང་གོའི་དཀར་ཆུའི་ཁེ་ལས་མང་པོས་རྒན་རྒོན་འཛད་སྤྱོད་པའི་དགོས་མཁོར་དམིགས་ནས། དབུ་དཀར་ཚོགས་སྤྱིར་ཕྱོགས་པའི་འོ་རྩམ་ཐོན་རྫས་བཏོན་ཡོད། ཐེན་རུན་དཀར་ཆུ་ཀུང་སིས་ན་ནིང་དཀར་ཆུའི་ཁེ་ལས་ཆུང་གྲས་ཤིག་ཉོ་སྒྲུབ་བྱས་ནས་འཛད་སྤྱོད་བྱེད་མཁན་དར་མ་དང་རྒན་རྒོན་ཁོ་ནར་ཕྱོགས་པའི་འོ་རྩམ་ཆེད་མངགས་གསར་སྤེལ་བྱས་ཡོད།

འགྱུར་ལྡོག་གཏོང་མཁན་དཀར་ཆུའི་ལས་རིགས་ཁོ་ན་ཙམ་མིན་པར། ཀྲུང་གོ་དྲ་རྒྱའི་བདེ་འཇགས་ཁེ་ལས་360ཀུང་སིས་2019ལོར་རྒན་རྒོན་ལ་ཕྱོགས་པའི་རིག་ནུས་ལག་འདོགས་ཆུ་ཚོད་བཏོན་ཡོད། ལག་འདོགས་ཆུ་ཚོད་དེར་ཁྲག་ཤེད་ལྟ་བ་དང་སྙིང་གི་འཕར་ཚད་ལ་ལྟ་ཞིབ་ཚད་ལེན་བྱེད་པའི་ནུས་པ་ལྡན་པ་མ་ཟད། ད་དུང་འཚོལ་འདེད་དང་ཛ་དྲག་གི་སྐད་བརྡ་གཏོང་ཐུབ་ཀྱི་ཡོད་པ་རེད།

ཨོ་སི་ཁྲུ་ལི་ཡའི་མོང་ན་ཧྲེན་སློབ་ཆེན་གྱི་རིགས་གཅིག་མཁས་ཅན་ཧྲི་ཧོ་ལིན་གྱིས། ཀྲུང་གོའི་རྒན་རྒོན་ཁྲོམ་རའི་གཞི་ཁྱོན་རྒྱུན་ཆད་མེད་པར་ཆེ་རུ་ཕྱིན་པ་དང་བསྟུན་ནས་དེ་སྔོན་བྱིས་པ་དང་ཁྱིམ་བདག་ལ་གཙོ་བོར་ཕྱོགས་པའི་ཀུང་སི་ཁག་གཅིག་གིས་ཕྱོགས་སྒྱུར་འཕེལ་རྒྱས་བཏང་ཡོད་ཅེས་བརྗོད།

—— ཨ་རིའི《ཉིའུ་གཡོད་སྐབས་དོན་ཚགས་པར》གྱི་དྲ་ཚིགས་ཐོག་སྤེལ་བའི་གནས་ཚུལ་གཞིར་བཟུང་།