པར་ཙིར་གྱི་EDPགློག་གཏོང་གློག་སྒྱུར་རྣམ་གྲངས་ནི་པར་ཙིར་གྱི་བྱང་རྒྱུད་ཀྱི་ཨ་ཁེ་ལི་ཀྲོའུ་དང་ལང་ཏུའོ་ཉི་ཡ་ཀྲོའུ་ཡི་ལྗང་མདོག་གློག་གཏོང་གློག་སྒྱུར་ལས་གྲྭ་ཞིག་ཡིན་པ་དང་ཧྲན་ཏུང་གློག་ཤུགས་འཛུགས་སྐྲུན་ཀུང་སི་དང་པོས་རྣམ་གྲངས་དེའི་EPCཡི་སྤྱིའི་ལས་འགན་འགན་གཙང་བླངས་ཤིང་། རྣམ་གྲངས་དེའི་དམིགས་ཚད་ཀྱི་སྤྱིའི་རིང་ཚད་ལ་སྤྱི་ལེ་515ཟིན་གྱི་ཡོད་པ་རེད། གློག་གཏོང་གློག་སྒྱུར་རྣམ་གྲངས་དེ་ཡ་མ་ཤུན་འབབ་རྒྱུད་དུ་གནས་པ་དང་རྙོག་འཛིང་ཆེ་བའི་སྐྱེ་ཁམས་ཁོར་ཡུག་གིས་ལས་གྲྭའི་ལག་རྩལ་དང་། དོ་དམ་མཐུན་སྦྱོར། ཁོར་ཡུག་གི་འཚམ་མཐུན་བཅས་ལ་བླང་བྱ་ཧ་ཅང་མཐོ་པོ་ཡོད་པ་རེད། ཀྲུང་པར་ཕྱོགས་གཉིས་པོའི་ལས་མིས་གཞོགས་འདེགས་མཉམ་ལས་བྱས་ཏེ་ཨར་ལས་བདེ་བླག་ཡོང་བའི་འགན་ལེན་བྱས་ཡོད། རྣམ་གྲངས་ཁྱོན་ཡོངས་ནས་ལེགས་གྲུབ་ཟིན་རྗེས་ས་གནས་དེ་གའི་གློག་དྲའི་གློག་གཏོང་ནུས་པ་ཆེས་ཆེར་འགྲོ་རྒྱུ་དང་གློག་ཤུགས་མཁོ་འདོན་གྱི་བློས་འཁེལ་རང་བཞིན་དང་བརྟན་པོའི་རང་བཞིན་ཆེ་རུ་འགྲོ་རྒྱུ་ཡིན་པ་དེས་པར་ཙིར་བྱང་རྒྱུད་ས་ཁུལ་གྱི་རྒྱུན་མཐུད་ཆོག་པའི་འཕེལ་རྒྱས་དང་དཔལ་འབྱོར་འཕར་བར་དོན་སྙིང་གལ་ཆེན་ལྡན་ཡོད་པ་རེད། ⇒ འདི་ནི་པར་ཙིར་གྱི་ལང་ཏུའོ་ཉི་ཡ་ཀྲོའུ་ཡི་EDPགློག་གཏོང་གློག་སྒྱུར་རྣམ་གྲངས་ཀྱི་གློག་སྐུད་དེ་ཆར་ཆུ་མང་བའི་ཚ་ཁུལ་ནགས་ཚལ་དང་མ་ཏའེ་ལ་ཆུ་བོ(མི་མེད་གནམ་གྲུ་ནས་པར་བརྒྱབ་པ)བརྒྱུད་ནས་འཁྲིད་པའི་གནས་ཚུལ་ཡིན་པ།
⇒ འདི་ནི་པར་ཙིར་གྱི་ལང་ཏུའོ་ཉི་ཡ་ཀྲོའུ་པོ་ཏུའོ་ཝུའེ་ལིའུ་ནས་པར་བརྒྱབ་པའི་EDPགློག་གཏོང་གློག་སྒྱུར་རྣམ་གྲངས་ཀྱི་ལྕགས་སྒྲོམ་ཡིན་པ(མི་མེད་གནམ་གྲུ་ནས་པར་བརྒྱབ་པ)
⇑ འདི་ནི་པར་ཙིར་གྱི་ལང་ཏུའོ་ཉི་ཡ་ཀྲོའུ་པོ་ཏུའོ་ཝུའེ་ལིའུ་ཡི་EDPགློག་གཏོང་གློག་སྒྱུར་རྣམ་གྲངས་སུ་བཟོ་པས་གློག་སྐུད་འཐེན་བཞིན་པ།
⇒ འདི་ནི་པར་ཙིར་གྱི་ལང་ཏུའོ་ཉི་ཡ་ཀྲོའུ་རུ་པར་བརྒྱབ་པའི་EDPགློག་གཏོང་གློག་སྒྱུར་རྣམ་གྲངས་ཀྱི་ཨ་པུ་ནན་གློག་སྒྱུར་ས་ཚུགས་ཡིན་པ(མི་མེད་གནམ་གྲུ་ནས་པར་བརྒྱབ་པ)
⇒ འདི་ནི་པར་ཙིར་ལང་ཏུའོ་ཉི་ཡ་ཀྲོའུ་པོ་ཏུའོ་ཝུའེ་ལིའུ་ཡི་EDPགློག་གཏོང་གློག་སྒྱུར་རྣམ་གྲངས་ཀྱི་ལྕགས་སྒྲོམ་སྟེང་ནས་པར་བརྒྱབ་པའི་བསྣར་ཤེད་འཕྲུལ་ཆས་ཡིན་པ།
⇑ འདི་ནི་པར་ཙིར་གྱི་ལང་ཏུའོ་ཉི་ཡ་ཀྲོའུ་རུ་EDPགློག་གཏོང་གློག་སྒྱུར་རྣམ་གྲངས་ཀྱི་གློག་སྐུད་དེ་ཆར་ཆུ་མང་བའི་ཚ་ཁུལ་ནགས་ཚལ(མི་མེད་གནམ་གྲུ་ནས་པར་བརྒྱབ་པ)བརྒྱུད་ནས་འཁྲིད་པའི་གནས་ཚུལ་ཡིན་པ།
ཀྲུང་གོ་དང་པར་ཙིར་དབར་གློག་ཤུགས་མཉམ་ལས་བྱས་ནས་པར་ཙིར་གྱི་ནུས་རྒྱུའི་རྨང་གཞིའི་སྒྲིག་བཀོད་འཛུགས་སྐྲུན་ལ་སྐུལ་འདེད་བཏང་བ།