《西藏日报》 《西藏日报藏文版》 《人民日报藏文版》 《西藏商报》 《西藏法制报》 《西藏法制报藏文版》

2024年10月13日

རང་རྒྱལ་གྱིས་བསྐྱར་དུ་སྤྱོད་ཆོག་པའི་ཕྱིར་ལོག་རྣམ་པའི་ལག་རྩལ་ཚོད་ལྟའི་སྲུང་སྐར་ཐོག་མ་དེ་བདེ་བླག་ངང་ཚུར་བསྡུས་པ།

གསར་འགོད་པས་རྒྱལ་ཁབ་འཇིག་རྟེན་འཕུར་སྐྱོད་ཅུས་ནས་ཤེས་རྟོགས་བྱས་པར། ཟླ་10ཚེས་11ཉིན་གྱི་ཆུ་ཚོད་10དང་སྐར་མ་39ལ་རང་རྒྱལ་གྱིས་ཤར་རླུང་ཐང་འབབ་ར་བར་བསྐྱར་དུ་སྤྱོད་ཆོག་པའི་ཕྱིར་ལོག་རྣམ་པའི་ལག་རྩལ་ཚོད་ལྟའི་སྲུང་སྐར་ཐོག་མ་སྟེ། ལག་ལེན་ཨང་19པའི་སྲུང་སྐར་བདེ་བླག་ངང་ཚུར་བསྡུས་ཤིང་། དེའི་ནང་བླུགས་པའི་རྩི་ཤིང་དང་སྐྱེ་དངོས་ཕྲ་རབ་སོན་གསོའི་ཐེག་རྫས་དང་། རང་བརྟེན་ཚོད་འཛིན་ཐུབ་པ་དང་ལག་རྩལ་གསར་པ་ར་སྤྲོད་དང་ཚོད་ལྟའི་ཐེག་རྫས། བར་སྣང་ཚན་རིག་ཚོད་ལྟའི་ཐེག་རྫས། སྤྱི་ཚོགས་ཀྱི་སྤྱི་ཕན་དང་རིག་གནས་བསམ་བཀོད་ཀྱི་ཐེག་རྫས་སོགས་ཚུར་བསྡུའི་རིགས་ཀྱི་ཅ་དངོས་ཚང་མ་བདེ་བླག་ངང་ཚུར་བསྡུས་པ་རེད།