《西藏日报》 《西藏日报藏文版》 《人民日报藏文版》 《西藏商报》 《西藏法制报》 《西藏法制报藏文版》

2024年10月12日

ཀྲུང་གོའི་གནམ་ཐང་འཛམ་གླིང་མཁའ་ལམ་ལམ་ཐིག་འཕེལ་རྒྱས་ཚོགས་ཆེན་དུ་ཞུགས་པ།

ཉིན་ཤས་གོང་། འཛམ་གླིང་མཁའ་ལམ་ལམ་ཐིག་འཕེལ་རྒྱས་ཚོགས་ཆེན་སྐབས་29པ་པ་རེན་རྒྱལ་སྤྱིའི་ཚོགས་འགྲེམས་ལྟེ་གནས་སུ་འཚོགས་ཤིང་། ཀྲུང་གོའི་གནམ་ཐང་ཚོགས་པ་མང་པོ་ཞིག་སྐབས་འདིའི་ཚོགས་ཆེན་ལ་ཞུགས་ནས་ཀྲུང་གོའི་རྒྱལ་སྤྱིའི་མཁའ་ལམ་ལམ་ཐིག་འོས་སྦྱོར་ངོ་སྤྲོད་བྱས་ཤིང་། འདི་ནི་པ་རེན་རྒྱལ་སྤྱིའི་ཚོགས་འགྲེམས་ལྟེ་གནས་ཀྱི་ཧྲེན་ཀྲེན་པའོ་ཨན་རྒྱལ་སྤྱིའི་གནམ་ཐང་གི་འགྲེམས་གནས་སུ་ཀྲུང་གོའི་འཁྲབ་སྟོན་པས་བརྒྱངས་དཀྲོལ་རོལ་ཆ་དཀྲོལ་བ་དང་གནའ་བོའི་ཞབས་བྲོ་འཁྲབ་བཞིན་པ།