《西藏日报》 《西藏日报藏文版》 《人民日报藏文版》 《西藏商报》 《西藏法制报》 《西藏法制报藏文版》

2024年10月12日

རྒྱལ་ཡོངས་ཀྱི་ཞིང་པའི་སློབ་གསོ་གསོ་སྦྱོང་འཕེལ་རྒྱས་གླེང་སྟེགས་སྐབས་དྲུག་པ་གཉེར་བ།

འདི་ག་ཚགས་པར་ཁང་དུ་སན་ཡ་ནས་ཟླ་10ཚེས་9ཉིན་གློག་འཕྲིན་འབྱོར་གསལ། ཚེས་9ཉིན། ཞིང་ལས་གྲོང་གསེབ་པུའུ་གྲོང་གསེབ་སྤྱི་ཚོགས་བྱ་གཞག་སྐུལ་སྤེལ་སིས་མཛུབ་ཁྲིད་དང་། ཀྲུང་དབྱང་ཞིང་ལས་རླུང་འཕྲིན་བརྙན་འཕྲིན་སློབ་གྲྭ་སོགས་ཀྱིས་གཙོ་གཉེར་བྱས་པའི་རྒྱལ་ཡོངས་ཀྱི་ཞིང་པའི་སློབ་གསོ་གསོ་སྦྱོང་འཕེལ་རྒྱས་གླེང་སྟེགས་སྐབས་དྲུག་པ་ཧའེ་ནན་སན་ཡ་རུ་གཉེར་བ་རེད། གླེང་སྟེགས་ཐོག《2024ལོའི་རྒྱལ་ཡོངས་ཀྱི་བྱང་ཚད་མཐོ་བའི་ཞིང་པའི་འཕེལ་རྒྱས་སྙན་ཞུ》ཡོངས་བསྒྲགས་བྱས་པ་དང་། 2024ལོའི་ལོ་འཁོར་གྱི་ཞིང་པའི་སློབ་གསོ་གསོ་སྦྱོང་གི་ཕུལ་བྱུང་དགེ་རྒན(ཞིང་པའི་ལུས་རྩལ་མཛུབ་ཁྲིད་པ)སོགས་ཡོངས་བསྒྲགས་བྱས་པ་རེད།

གྲངས་གཞི་ལས་མངོན་གསལ། 2023ལོར་རིམ་ཁག་ཞིང་ལས་གྲོང་གསེབ་སྡེ་ཚན་གྱིས་སྲིད་འཛིན་གྲོང་ཚོ་8000ཙམ་ལ་གྲོང་ཚོ་ཡོངས་ལ་སྐུལ་འདེད་གཏོང་བའི་ཚོད་ལྟའི་ལས་དོན་སྤེལ་ནས། ཞིང་པར་ཕྱོགས་ཏེ་བྱང་ཚད་དང་ཆུ་ཚད་མཐོ་རུ་གཏོང་བའི་སྤྱི་ཕན་གསོ་སྦྱོང་བྱས་པར་མི་ཐེངས་ཁྲི་34ལྷག་ཙམ་ཟིན་ཡོད། གོམ་སྟབས་རྗེས་མར། ཞིང་པའི་སློབ་གསོ་གསོ་སྦྱོང་ལས་དོན་ལ་བརྟེན་ནས་རྒྱལ་ཁབ་ཀྱི་འབྲུ་རིགས་བདེ་འཇགས་ཀྱི་ཤེས་ལྡན་པའི་རྨང་གཞི་སྔར་བས་བརྟན་དུ་གཏོང་བ་དང་། གྲོང་གསེབ་ཀྱི་ལས་ཞུགས་ལས་གཏོད་ཀྱི་ཤེས་ལྡན་པའི་དཔུང་ཁག་རྒྱ་སྐྱེད་པ། གྲོང་གསེབ་འཕེལ་རྒྱས་དང་། འཛུགས་སྐྲུན། བཅོས་སྐྱོང་བཅས་ཀྱི་ཤེས་ལྡན་པའི་མཁོ་སྤྲོད་འཐུས་སྒོ་ཚང་དུ་གཏོང་བ་བཅས་བྱ་རྒྱུ་རེད།