《西藏日报》 《西藏日报藏文版》 《人民日报藏文版》 《西藏商报》 《西藏法制报》 《西藏法制报藏文版》

2024年10月12日

རྒྱལ་སྟོན་ངལ་གསོའི་རིང་མྱུར་བགྲོད་གཞུང་ལམ་གྱི་གློག་སྒུལ་རླངས་འཁོར་ལ་གློག་གསོག་ཚད་ཟིན་ཐོ་གསར་པ་བཏོད་པ།

འདི་ག་ཚགས་པར་ཁང་དུ་པེ་ཅིང་ནས་ཟླ་10ཚེས་9ཉིན་གློག་འཕྲིན་འབྱོར་གསལ། གསར་འགོད་པར་རྒྱལ་ཁབ་ནུས་རྒྱུ་ཅུས་ནས་ཤེས་རྟོགས་བྱུང་བར། རྒྱལ་ཁབ་ཀྱི་གློག་གསོག་སྒྲིག་བཀོད་ལྟ་ཞིབ་ཚད་ལེན་ཞབས་ཞུའི་ལས་སྟེགས་ནང་བཅུག་པའི་མྱུར་བགྲོད་གཞུང་ལམ་གྱི་གློག་སྡོང་སྒྲིག་ཆས་ཁྲི་2.44ཡི་བསྡོམས་རྩིས་ལ་དབྱེ་ཞིབ་བྱས་པ་བརྒྱུད། ཟླ་10ཚེས་1ཉིན་གྱི་ཆུ་ཚོད་ཀླད་ཀོར་ནས་ཟླ་10ཚེས་7ཉིན་གྱི་ཆུ་ཚོད་24བར་མྱུར་བགྲོད་གཞུང་ལམ་གྱི་གློག་སྒུལ་རླངས་འཁོར་ལ་གློག་གསོག་ཚད་ཁྱོན་ཐེངས་ཁྲི་310ཟིན་པ་དང་། གློག་གསོག་ཚད་ཆུ་ཚོད་ཆན་ཝ་ཁྲི་7215ཟིན་པ། ཉིན་རེར་ཆ་སྙོམས་གློག་གསོག་ཚད་ཆུ་ཚོད་ཆན་ཝ་ཁྲི་1030ཟིན་པ་དེ་ནི་འདི་ལོའི་དུས་རྒྱུན་གྱི་ལྡབ་2.4ཡིན་པ་དེ་འདི་ལོའི་ལྔ་གཅིག་ངལ་གསོའི་རིང་ལས་ཉིན་རེར་ཆ་སྙོམས་34%འཕར་བ་དང་ནང་ནིང་གི་རྒྱལ་སྟོན་ངལ་གསོའི་རིང་ལས་ཉིན་རེར་ཆ་སྙོམས་80%འཕར་ནས་ལོ་རྒྱུས་ཀྱི་ཟིན་ཐོ་གསར་པ་བཏོད་ཡོད།