ཤིན་ཧྭ་གསར་འགྱུར་ཁང་གྲོང་ཁྱེར་ཁྭ་ལ་ལུམ་ཕུར་ནས་ཟླ་10ཚེས་8ཉིན་གློག་འཕྲིན་འབྱོར་གསལ། ཀྲུང་གོའི་མཚོ་དམག་གི་ཆི་ཅི་ཀོང་རྟགས་ཅན་གྱི་དམག་གྲུ་དང་ཅིང་ཀང་ཧྲན་རྟགས་ཅན་གྱི་དམག་གྲུས་མ་ལེ་ཞི་ཡར་ཉིན་གསུམ་གྱི་མཛའ་གྲོགས་ཀྱི་འཚམས་འདྲི་བྱེད་མཇུག་འགྲིལ་ནས་ཚེས་8ཉིན་བྷང་ག་ལར་བསྐྱོད་པ་རེད།
འཚམས་འདྲི་བྱེད་རིང་། ལས་སྒྲུབ་དཔོན་དམག་གིས་མ་ལེ་ཞི་ཡའི་མཚོ་དམག་གི་ལུའུ་མུའུ་རྟེན་གཞིའི་འབྲེལ་ཡོད་དམག་དོན་སྒྲིག་བཀོད་ལ་ལྟ་སྐོར་དང་བཞུགས་མོལ་སྤེལ་རེས་བྱས་པ་མ་ཟད། མ་ལེ་ཞི་ཡའི་ཀྲུང་ལིན་རང་བཙན་རྒྱའི་སྐད་ཡིག་སློབ་འབྲིང་དུ་མཛའ་གྲོགས་འབྲེལ་གཏུག་བྱེད་པར་ཡང་བསྐྱོད་པ་རེད། ཆི་ཅི་ཀོང་རྟགས་ཅན་གྱི་དམག་གྲུས་གྲུ་གཅལ་སྣེ་ལེན་ཚོགས་འདུ་འཚོགས་ཤིང་། མ་ལེ་ཞི་ཡའི་དམག་དཔུང་དང་ས་གནས་འགོ་ཁྲིད་དང་། མ་ལེ་ཞི་ཡར་བཅའ་སྡོད་ཀྲུང་གོའི་གཞུང་ཚབ་ཆེ་མོ་ཁང་དང་ཁེ་སྐྱོང་ལས་ཤག་གི་ལས་དོན་མི་སྣ་དང་ཕྱིར་སྡོད་རང་མི་དང་ཕྱི་ཁོངས་ཀྲུང་གོ་བའི་འཐུས་མི་བཅས་གདན་ཞུས་ལྟར་ཕེབས་ནས་ཕྱོགས་གཉིས་དབར་ཤེས་རྟོགས་དང་མཛའ་གྲོགས་སྔར་བས་ཟབ་ཏུ་བཏང་བ་རེད།