《西藏日报》 《西藏日报藏文版》 《人民日报藏文版》 《西藏商报》 《西藏法制报》 《西藏法制报藏文版》

2024年10月11日

ཀྲུང་གོའི་ཁྲང་ཞིའི་རིག་གནས་གཟའ་འཁོར་སྐབས་བརྒྱད་པ་གཉེར་བ།

འདི་ག་ཚགས་པར་ཁང་དུ་པེ་ཅིང་ནས་ཟླ་10ཚེས་8ཉིན་གློག་འཕྲིན་འབྱོར་གསལ། ཉིན་ཤས་གོང་། པེ་ཅིང་སྐྱེད་ཚལ་དངོས་མང་སྟོན་ཚོགས་སུ་ཀྲུང་གོའི་ཁྲང་ཞིའི་རིག་གནས་གཟའ་འཁོར་སྐབས་བརྒྱད་པའི་ཉིན་7རིང་གི་ཚོགས་ར་གཙོ་བོའི་བྱེད་སྒོ་གཉེར་ཞིང་། ཀྲུང་གོའི་ཁྲང་ཞིའི་རིག་གནས་གཟའ་འཁོར་ནི་པེ་ཅིང་གི“འཁྲབ་སྟོན་གྲོང་ཁྱེར”འཛུགས་སྐྱོང་གི་སྤུས་རྟགས་གལ་ཆེན་ཞིག་ཡིན་པས་ཀྲུང་གོ་གསར་པ་དབུ་བརྙེས་ནས་ལོ་75འཁོར་བ་དང་། དེ་བཞིན་པེ་ཅིང་དང་། ཐེན་ཅིན། ཧོ་པེ་བཅས་མཉམ་དུ་འཕེལ་རྒྱས་བཏང་ནས་ལོ་10འཁོར་བར་དམིགས་ཏེ“ཀྲུང་གོའི་ཕུགས་འདུན། ཀྲུང་ཧྭའི་བླ་སྲོག ཁྲང་ཞིའི་བརྩེ་བ”ཞེས་པ་བརྗོད་དོན་གཙོ་བོར་བྱས་ཏེ་མང་ཚོགས་ཀྱིས་དགའ་པོ་བྱེད་པ་དང་ཞུགས་པར་སྤྲོ་བའི་དགའ་ནེའུ་དུས་ཆེན་གྱི་བྱེད་སྒོ་མུ་མཐུད་སྤེལ་བ་རེད།

སྙན་པའི་འགྱུར་ཁུགས་དལ་བུར་མཆེད། ཟློས་གར་ལྟད་མོ་གཟིགས་མོར་བཀྲམ། ད་རེས་ཀྱི་ཁྲང་ཞིའི་རིག་གནས་གཟའ་འཁོར་ལ“ཁྲང་ཞི་སྤུས་རྟགས”དང་། “ཁྲང་ཞིའི་དགའ་ནེའུ་དུས་ཆེན” “ཁྲང་ཞི་རྒྱུན་འཛིན”བཅས་ནང་དོན་ཆེན་པོ་གསུམ་ཚུད་ཡོད། ཁྲང་ཞི་རྩེ་གྲ་འགྲེམས་སྟོན་དང་། པེ་ཅིང་དང་། ཐེན་ཅིན། ཧོ་པེ་བཅས་ཀྱི་མི་སྣ་གྲགས་ཅན་མཉམ་འཛོམས། ས་གནས་ཀྱི་ཁྲང་ཞི་འགྲེམས་འཁྲབ། ཁྲང་ཞིའི(སྒྱུ་རྩལ)ཐོན་ལས་དངོས་མང་སྟོན་ཚོགས་སོགས་བརྗོད་དོན་གཙོ་བོ་བཅུ་གཉིས་ཀྱི་བྱེད་སྒོ་སྤེལ་བ་དང་། ས་གནས་ཁག་ནས་ཡོང་བའི་ཚོགས་པ་48མཉམ་དུ་འཛོམས་ཏེ་ཁྲང་ཞི་རིགས་36དང་འབྲེལ་བ་ཡོད་པའི་ཆེད་ལས་འཁྲབ་སྟོན་ཐེངས་བརྒྱ་ཙམ་བྱས་པ་རེད།