《西藏日报》 《西藏日报藏文版》 《人民日报藏文版》 《西藏商报》 《西藏法制报》 《西藏法制报藏文版》

2024年10月11日

སྡེ་ཚན་གསུམ་གྱིས་གཙོ་གནད་ཁྱབ་ཁོངས་སུ་སློབ་ཁེའི་མཁོ་སྤྲོད་འབྲེལ་མཐུད་ལ་སྐུལ་འདེད་བཏང་བ།

མི་ཐབས་རིག་ནུས་དང་། མཁའ་འགྲུལ་དང་འཇིག་རྟེན་འཕུར་སྐྱོད། ནུས་རྒྱུ་གསར་པ་སོགས་འཐབ་ཇུས་རང་བཞིན་གྱི་ཐོན་ལས་ཁྱབ་ཁོངས་དང་འབྲེལ་བ་ཡོད་པ།

འདི་ག་ཚགས་པར་ཁང་དུ་ཝུའུ་ཧུའུ་ནས་ཟླ་10ཚེས་8ཉིན་གློག་འཕྲིན་འབྱོར་གསལ། སློབ་ཁེའི་མཉམ་ལས་གཏིང་ཟབ་ལ་ཤུགས་སྣོན་རྒྱག་པ་དང་མཐོ་སློབ་དང་ཁེ་ལས་དབར་མཁོ་སྤྲོད་འབྲེལ་མཐུད་དང་ཤེས་ལྡན་པ་སྤེལ་རེས་ལ་ཤུགས་སྣོན་རྒྱག་པར་སྐུལ་འདེད་གཏོང་ཆེད། ཉེ་ཆར། སློབ་གསོ་པུའུ་དང་། བཟོ་ལས་དང་ཆ་འཕྲིན་ཅན་པུའུ། རྒྱལ་སྲིད་སྤྱི་ཁྱབ་ཁང་གཞུང་རྒྱུ་ཨུ་ལྷན་བཅས་ཀྱིས་ཨན་ཧུའེ་ཞིང་ཆེན་ཝུའུ་ཧུའུ་གྲོང་ཁྱེར་དུ་2024ལོའི་གཙོ་གནད་ཁྱབ་ཁོངས་སུ་སློབ་ཁེའི་མཁོ་སྤྲོད་འབྲེལ་མཐུད་བྱེད་སྒོ་མཉམ་དུ་སྤེལ་བ་རེད།

ད་ཐེངས་ཀྱི་བྱེད་སྒོ་དེ་འགོ་འཛུགས་མཛད་སྒོ་དང་། གཙོ་གནད་ཁྱབ་ཁོངས་སུ་སློབ་ཁེའི་མཁོ་སྤྲོད་འབྲེལ་མཐུད། སྔོན་ཐོན་བཟོ་སྐྲུན་ལས་རིགས་ཀྱི་མཁོ་སྤྲོད་འབྲེལ་མཐུད་དང་ཉམས་མྱོང་སྤེལ་རེས། ཝུའུ་ཧུའུ་ཁེ་ལས་སུ་ལྟ་སྐོར་དང་བརྟག་ཞིབ་དུ་སྐྱོད་པ། སློབ་ཁེའི་དྲ་ཐོག་མཁོ་སྤྲོད་འབྲེལ་མཐུད། མཐོ་སློབ་སློབ་ཐོན་སློབ་མའི་ལས་ཞུགས་ལས་དོན་གྱི་བགྲོ་གླེང་ཚོགས་འདུ་སོགས་ལྷུ་ཚིགས་6ལས་གྲུབ་ཡོད་པ་རེད། རྒྱལ་ཡོངས་ཀྱི་མཐོ་སློབ་400ཙམ་གྱིས་རབས་གསར་པའི་ཆ་འཕྲིན་ལག་རྩལ་དང་། མི་ཐབས་རིག་ནུས། མཁའ་འགྲུལ་དང་འཇིག་རྟེན་འཕུར་སྐྱོད། ནུས་རྒྱུ་གསར་པ། རྒྱུ་ཆ་གསར་པ། རྩེར་སོན་སྒྲིག་ཆས། སྐྱེ་དངོས་སྨན་རྫས་དང་སྨན་བཅོས། ཚད་རྡུལ་ཚན་རྩལ་སོགས་འཐབ་ཇུས་རང་བཞིན་གྱི་ཐོན་ལས་ཁྱབ་ཁོངས་ཀྱི་ཁེ་ལས་300གདན་ཞུས་ལྟར་ཚོགས་འདུར་ཞུགས་པ་རེད། སློབ་ཁེའི་ཕྱོགས་གཉིས་པོས་ཤེས་ལྡན་པ་གསོ་སྐྱོང་དང་གསོ་སྦྱོང་དང་། ལས་ཞུགས་དངོས་སྦྱོང་རྟེན་གཞི་འཛུགས་སྐྲུན། མི་ཤུགས་ཐོན་ཁུངས་ཆེར་གཏོང་། གཙོ་གནད་ཁྱབ་ཁོངས་དབར་མཉམ་ལས། ཚན་རྩལ་གྲུབ་འབྲས་གཞན་སྒྱུར་སོགས་ཀྱི་ནང་དོན་ལ་དམིགས་ནས་ངོ་འཕྲད་གྲོས་མོལ་གཏིང་ཟབ་བྱེད་པ་དང་གནད་སྨིན་འབྲེལ་མཐུད་ལ་སྐུལ་འདེད་བཏང་སྟེ། ཤེས་ལྡན་པ་གསོ་སྐྱོང་དང་མཁོ་སྤྲོད་དང་དགོས་མཁོ་དོ་སྙོམས་ཀྱི་ལས་དོན་སྔོན་ལ་སྤེལ་ནས་སློབ་ཁེ་མཉམ་ལས་ཀྱི་མི་སྣ་གསོ་སྐྱོང་བྱེད་སྟངས་གསར་གཏོད་བྱེད་རྒྱུ་ཡིན་པ་རེད།

མཁོ་སྤྲོད་འབྲེལ་མཐུད་ཀྱི་ལས་ཞུགས་མི་སྣ་གསོ་སྐྱོང་གི་རྣམ་གྲངས་2021ལོར་ལག་བསྟར་བྱས་ཚུན། ཁྱོན་བསྡོམས་མི་སྤྱོད་ཚན་པ་2300ལྷག་ཙམ་གྱིས་མཐོ་སློབ་2000ལྷག་ཙམ་དང་འབྲེལ་མཐུད་མཉམ་ལས་ལ་སྐུལ་འདེད་བཏང་བ་དང་རྣམ་གྲངས་ཁྲི་4.5ལྷག་ཙམ་ལག་ལེན་བསྟར་བས་སློབ་མ་ཁྲི་620ལ་ཕན་པ་ཐོབ་ཡོད། གོམ་སྟབས་རྗེས་མར་སློབ་གསོ་པུས་འབྲེལ་ཡོད་སྡེ་ཚན་དང་མཉམ་དུ་ལས་རིགས་ཀྱིས་སྣེ་ཁྲིད་བྱེད་པ་དང་སློབ་ཁེ་མཐུན་སྦྱོར་བྱེད་པའི་མཁོ་སྤྲོད་འབྲེལ་མཐུད་ལམ་སྲོལ་མུ་མཐུད་འཐུས་སྒོ་ཚང་དུ་བཏང་ནས་ཤེས་ལྡན་པ་གསོ་སྐྱོང་དང་དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་ཀྱི་དགོས་མཁོ་དང་འཚམ་པའི་བཀོད་སྒྲིག་ལམ་སྲོལ་འཐུས་སྒོ་ཚང་དུ་བཏང་སྟེ། མཐོ་སློབ་སློབ་ཐོན་སློབ་མའི་ལས་ཞུགས་ལས་དོན་ནུས་ཤུགས་ཡོད་རྒུས་ཡག་པོ་བསྒྲུབ་རྒྱུ་ཡིན་པ་རེད།

(པ་སངས་སྒྲོན་ལགས་ཀྱིས་བསྒྱུར། ལྷག་པ་ཚེ་རིང་གིས་ཞུས)