《西藏日报》 《西藏日报藏文版》 《人民日报藏文版》 《西藏商报》 《西藏法制报》 《西藏法制报藏文版》

2024年10月10日

དམིགས་བསལ་འཁོར་རིགས་ཐོན་སྐྱེད་ཁེ་ལས་ཕྱི་རྒྱལ་གྱི་མངགས་ཐོ་བཟོ་བར་བྲེལ།

⇑ ད་ལོ་ཚུན་དུ། ཧྲན་ཏུང་ཞིང་ཆེན་ཆིང་ཏའོ་གྲོང་ཁྱེར་ཅི་མོ་ཆུས་ཀྱིས་དམིགས་བསལ་འཁོར་རིགས་ཐོན་སྐྱེད་ཁེ་ལས་ལ་ཚན་རྩལ་གསར་གཏོད་ཀྱི་གོམ་སྟབས་མགྱོགས་སུ་གཏོང་བ་དང་། རང་ཚུགས་སྤུས་རྟགས་ཀྱི་འགྲན་རྩོད་ནུས་པ་ཆེ་རུ་གཏོང་བར་སྐུལ་ལྕག་རྒྱུན་མཐུད་བཏང་ཞིང་། མིག་སྔར་ཅི་མོ་ཆུས་ཀྱིས་ཐོན་སྐྱེད་བྱས་པའི་ཨར་འདམ་ཕུམ་འཁོར་དང་། མཐོ་འཛེགས་ལས་སྒྲུབ་རླངས་འཁོར། གནམ་སྐས་རླངས་འཁོར་སོགས་དམིགས་བསལ་འཁོར་རིགས་ཀྱི་མུ་འབྲེལ་ཐོན་རྫས་ཕྱི་རྒྱལ་གྱི་རྒྱལ་ཁབ་དང་ས་ཁུལ་20ལྷག་ཙམ་ལ་བྲིན་ཁ་རྒྱུག་པོ་ཡོད་པ་རེད། འདི་ནི་2024ལོའི་ཟླ་10ཚེས་8ཉིན། ཆིང་ཏའོ་གྲོང་ཁྱེར་ཅི་མོ་ཆུས་ཅིན་ཁོའུ་གྲོང་རྡལ་དུ་གནས་པའི་ཆིང་ཏའོ་ཅིའུ་ཧོ་ལྕི་བའི་བཟོ་ལས་འཕྲུལ་ཆས་ཚད་ཡོད་ཀུང་སིར་ལས་མིས་ཕྱི་རྒྱལ་ཁྲོམ་རར་གཏོང་རྩིས་ཡོད་པའི་གནམ་སྐས་རླངས་འཁོར་སྙོམས་སྒྲིག་ཚོད་ལྟ་བྱེད་བཞིན་པ།