《西藏日报》 《西藏日报藏文版》 《人民日报藏文版》 《西藏商报》 《西藏法制报》 《西藏法制报藏文版》

2024年10月10日

རྒྱལ་སྤྱིའི་ཆུ་གཙང་གསིང་དང་ནུས་རྒྱུ་དང་དེ་བཞིན་ཁོར་ཡུག་སྲུང་སྐྱོང་འགྲེམས་སྟོན་སྐབས་ཉེར་དྲུག་པ་ཏི་པའེ་རྒྱལ་སྤྱིའི་འགྲེམས་སྟོན་ལྟེ་གནས་སུ་གཉེར་བ།

⇑ འདི་ནི་ཀྲུང་གོའི་ཁེ་ལས་ཀྱི་ལས་དོན་མི་སྣས་ཕྱི་རྒྱལ་གྱི་ཚོང་པར་བཙོག་ཆུ་གཙང་གསིང་གི་སྒྲིག་ཆས་གསར་པ་ངོ་སྤྲོད་བྱེད་བཞིན་པ།

⇑ འདི་ནི་ཀྲུང་གོའི་ཁེ་ལས་ཀྱི་འགྲེམས་སྟེགས་མདུན་དུ་མི་ཚོགས་ཀྱིས་ཁེངས་ཡོད་པ།

ཉེ་ཆར། ཏི་པའེ་རྒྱལ་སྤྱིའི་ཆུ་གཙང་གསིང་དང་ནུས་རྒྱུ་དང་དེ་བཞིན་ཁོར་ཡུག་སྲུང་སྐྱོང་འགྲེམས་སྟོན་སྐབས་ཉེར་དྲུག་པ་ཏི་པའེ་རྒྱལ་སྤྱིའི་འགྲེམས་སྟོན་ལྟེ་གནས་སུ་གཉེར་ཞིང་། རྒྱལ་ཁབ་དང་ས་ཁུལ་ཁག་60ལྷག་ཙམ་གྱི་ཚོང་པ་2800ལྷག་ཙམ་འགྲེམས་སྟོན་ལ་ཞུགས་ཡོད་པ་རེད། འགྲེམས་ཚོགས་ཀྱིས་ཆུ་གཙང་གསིང་དང་ཁོར་ཡུག་སྲུང་སྐྱོང་ཁྱབ་ཁོངས་ཀྱི་ལག་རྩལ་གསར་ཤོས་དང་ཐག་གཅོད་ཇུས་གཞི་གཅིག་སྡུད་ཐོག་འགྲེམས་སྟོན་བྱས་པ་དང་། ཀྲུང་གོའི་ཁེ་ལས་200ཙམ་ད་ཐེངས་ཀྱི་འགྲེམས་སྟོན་ལ་ཞུགས་པ་དང་འགྲེམས་སྟོན་རྒྱ་ཁྱོན་ལ་སྨི་ངོས་གྲུ་2000ལྷག་ཙམ་ཟིན་ཡོད།