ཉེ་བའི་ལོ་ཤས་རིང་ཀན་སུའུ་ཞིང་ཆེན་ཀྲང་ཡེ་གྲོང་ཁྱེར་མིན་གཡོད་རྫོང་ཀྲང་ལན་རྫོང་གིས་གྲོང་ཚོའི་མཉམ་སྡེབ་ས་ཆའི་ཐོན་ཁུངས་གང་འགབ་ཅི་སྤྱོད་བྱས་ནས་ཀྲུང་ལུགས་སྨན་རྒྱུའི་འདེབས་འཛུགས་ཐོན་ལས་འཕེལ་རྒྱས་གཏོང་རྒྱུར་སྐུལ་ཁྲིད་བྱས་པ་མ་ཟད། ཀྲུང་ལུགས་སྨན་རྒྱུའི་མཐུན་ཚོགས་དང་ཀྲུང་ལུགས་སྨན་རྒྱུའི་ཚན་རིག་ཁྱབ་གདལ་གྱི་དཔེ་སྟོན་རྟེན་གཞི་ཐོ་འགོད་བྱས་ནས་བཙུགས་པ་དང་ཁེ་ཕན་འབྲེལ་མཐུད་ལམ་སྲོལ་འཐུས་སྒོ་ཚང་དུ་བཏང་ནས་ཞིང་པར་འབབ་འཕར་ཡོང་རྒྱུར་རམ་འདེགས་བྱས་ཡོད། འདི་ནི་ཟླ་10ཚེས་7ཉིན་ཀྲང་ལན་ཀྲོང་གྲོང་ཚོའི་མུའུ་སྟོང་གི་སྲད་དཀར་འདེབས་འཛུགས་རྟེན་གཞིར་ཞིང་པ་ཚོ་སྲད་དཀར་བསྡུ་བར་བྲེལ་བཞིན་པ།