འདི་ག་ཚགས་པར་ཁང་དུ་པེ་ཅིང་ནས་ཟླ་10ཚེས་7ཉིན་གློག་འཕྲིན་འབྱོར་གསལ། རྒྱལ་ཁབ་ཕྱི་དངུལ་དོ་དམ་ཅུས་ཀྱི་བསྡོམས་རྩིས་གྲངས་གཞི་ལས་མངོན་པར། ཟླ་དགུ་པའི་ཟླ་མཇུག་བར་རང་རྒྱལ་གྱི་ཕྱི་དངུལ་གྲབས་གསོག་གི་གྲངས་འབོར་ཨ་སྒོར་དུང་ཕྱུར་33164ཟིན་པ་དེ་ཟླ་བརྒྱད་པའི་ཟླ་མཇུག་དང་བསྡུར་ན་ཨ་སྒོར་དུང་ཕྱུར་282འཕར་ནས་འཕར་ཚད་0.86%ཟིན་ཡོད་པ་རེད།
ཟླ་9པར་དཔལ་འབྱོར་སྡེ་གཞི་གཙོ་བོ་ཀྲུང་དབྱང་དངུལ་ཁང་གི་དངུལ་ལོར་སྲིད་ཇུས་དང་། སྔོན་དཔག སྤྱི་ཁོག་དཔལ་འབྱོར་གྱི་གྲངས་གཞི་སོགས་ཀྱི་ཤུགས་རྐྱེན་ཐེབས་ནས་ཨ་སྒོར་གྱི་སྟོན་གྲངས་ཆག་པ་དང་གོ་ལ་ཧྲིལ་པོའི་དངུལ་རྩའི་རྒྱུ་ནོར་གྱི་རིན་གོང་སྤྱི་ཡོངས་ནས་འཕར་ཡོད་པ་རེད། འཛའ་ཐང་ཕབ་རྩིས་དང་རྒྱུ་ནོར་རིན་གོང་གི་འགྱུར་ལྡོག་སོགས་ཕྱོགས་བསྡུས་རྒྱུ་རྐྱེན་དབང་གིས་ཟླ་དེའི་ཕྱི་དངུལ་གྲབས་གསོག་གི་གྲངས་འབོར་འཕར་ཡོད། རང་རྒྱལ་གྱི་དཔལ་འབྱོར་འཁོར་རྒྱུག་སྤྱིར་ན་བརྟན་ཐོག་ཡར་འཕེལ་ཡོད་པ་དང་། དཔལ་འབྱོར་གྱི་མཉེན་ཤུགས་དང་མི་མངོན་པའི་སྟོབས་ཤུགས་ཆེ་བ་སོགས་ཀྱི་མཐུན་རྐྱེན་ལ་འགྱུར་ལྡོག་ཕྱིན་མེད་པས། ཕྱི་དངུལ་གྲབས་གསོག་གི་གྲངས་འབོར་སྤྱིར་ན་བརྟན་པོ་ཡོད་པ་རྒྱུན་འཁྱོངས་ཐུབ་པར་མུ་མཐུད་འདེགས་སྐྱོར་བྱ་རྒྱུ་ཡིན་པ་རེད།