《西藏日报》 《西藏日报藏文版》 《人民日报藏文版》 《西藏商报》 《西藏法制报》 《西藏法制报藏文版》

2024年10月10日

མྱུར་བགྲོད་གཞུང་ལམ་གཙོ་བོར་འགྲོ་སྐྱོད་བྱེད་ཚད་ན་ནིང་གི་དུས་མཚུངས་ལས་5.3%འཕར་བ།

རྒྱལ་སྟོན་ངལ་གསོའི་རིང་རིམ་རྩིས་བརྒྱབ་ན་སྤྱི་ཚོགས་ཡོངས་སུ་ས་ཁོངས་བརྒལ་བའི་མི་སྣ་འགྲོ་སྐྱོད་བྱེད་ཚད་མི་ཐེངས་དུང་ཕྱུར་20ལྷག་ཙམ་ཟིན་པ།

འདི་ག་ཚགས་པར་ཁང་དུ་པེ་ཅིང་ནས་ཟླ་10ཚེས་7ཉིན་གློག་འཕྲིན་འབྱོར་གསལ། རྒྱལ་སྟོན་ངལ་གསོའི་ཉིན་མཐའ་མར་ས་གནས་ཁག་ལ་འགྲུལ་པ་ཕྱིར་ལོག་བྱེད་མང་ཤོས་ཀྱི་དུས་སུ་སླེབས་ཡོད། འགྲིམ་འགྲུལ་སྐྱེལ་འདྲེན་པུས་བསྡོམས་རྩིས་རགས་ཙམ་བརྒྱབ་པ་ལས་མངོན་པར། ཟླ་10ཚེས་1ནས་7ཉིན་བར་སྔོན་དཔག་ལྟར་ན་སྤྱི་ཚོགས་ཡོངས་སུ་ས་ཁོངས་བརྒལ་བའི་མི་སྣ་འགྲོ་སྐྱོད་བྱེད་ཚད་བསྡོམས་རྩིས་བརྒྱབ་ན་མི་ཐེངས་དུང་ཕྱུར་20.08ཙམ་ཟིན་པ་དང་ཉིན་རེར་ཆ་སྙོམས་4.1%འཕར་ཡོད།

སྤྱི་བདེ་པུའི་འགྲིམ་འགྲུལ་དོ་དམ་ཅུས་ཀྱིས་ལྟ་ཞིབ་ཚད་ལེན་བྱས་པའི་མྱུར་བགྲོད་གཞུང་ལམ་76གི་བགྲོད་ལམ་གལ་ཆེན་700དང་རྒྱལ་ལམ་52ཀྱི་བགྲོད་ལམ་གྱི་སྦྲེལ་ཚིགས་གལ་ཆེན་300ཡི་འགྲོ་སྐྱོད་བྱེད་ཚད་ནས་བལྟས་ན། རྒྱལ་སྟོན་ངལ་གསོའི་རིང་མྱུར་བགྲོད་གཞུང་ལམ་གཙོ་བོ་དང་རྒྱལ་ལམ་དུ་འགྲོ་སྐྱོད་བྱེད་ཚད་རྒྱུན་མཐུད་མང་པོ་ཡོད་པ་དེ་ན་ནིང་གི་དུས་མཚུངས་ལས་5.3%དང་11.3%སོ་སོར་འཕར་ཡོད་པ་རེད།

ཀྲུང་གོ་དམངས་སྤྱོད་མཁའ་འགྲུལ་ཅུས་ཀྱི་གྲངས་གཞི་ལས་མངོན་པར། ཟླ་10ཚེས་1ནས་6ཉིན་བར་དམངས་སྤྱོད་མཁའ་འགྲུལ་ནས་རིམ་རྩིས་བརྒྱབ་ན་འགྲུལ་པ་སྐྱེལ་འདྲེན་བྱེད་ཚད་མི་ཐེངས་ཁྲི་1376.12དང་ཉིན་རེར་ཆ་སྙོམས་མི་ཐེངས་ཁྲི་229.35ཟིན་པ་དེ་2023ལོའི་དུས་མཚུངས་ལས་11.35%འཕར་བ་དང་། ཉིན་རེར་ཆ་སྙོམས་འགྲུལ་པ་ཞུགས་ཚད་87.56%ཟིན་པ་དེ་2023ལོའི་དུས་མཚུངས་ལས་བརྒྱ་ཆའི་གྲངས་5.51འཕར་བ། རིམ་རྩིས་བརྒྱབ་ན་དུས་གཏན་གནམ་གྲུ་ཁྲི་10.94དང་ཉིན་རེར་ཆ་སྙོམས་གནམ་གྲུ་18233འགན་ལེན་བྱས་ནས་2019ལོའི་དུས་མཚུངས་ཀྱི་111.12%བར་སླར་གསོ་བྱུང་ཡོད།

ཟླ་10ཚེས་1ནས་ཟླ་10ཚེས་7ཉིན་བར་དམངས་སྤྱོད་མཁའ་འགྲུལ་ནས་སྔོན་དཔག་ལྟར་ན་འགྲུལ་པ་སྐྱེལ་འདྲེན་བྱེད་ཚད་མི་ཐེངས་ཁྲི་1612.12དང་ཉིན་རེར་ཆ་སྙོམས་མི་ཐེངས་ཁྲི་230.3ཟིན་པ་དེ་2019ལོའི་རྒྱལ་སྟོན་ངལ་གསོ་ལས་22.2%འཕར་བ་དང་2023ལོའི་ཟླ་མཆོད་དང་རྒྱལ་སྟོན་ངལ་གསོའི་ཉིན་རེའི་ཆ་སྙོམས་ལས་11.27%འཕར་བ་དང་། སྔོན་དཔག་ལྟར་ན་དུས་གཏན་གནམ་གྲུ་128150དང་ཉིན་རེར་ཆ་སྙོམས་གནམ་གྲུ་18307འགན་ལེན་བྱས་པ་དེ་2019ལོའི་རྒྱལ་སྟོན་ངལ་གསོ་ལས་11.17%འཕར་ནས་2023ལོའི་ཟླ་མཆོད་དང་རྒྱལ་སྟོན་ངལ་གསོའི་ཉིན་རེའི་ཆ་སྙོམས་ལས་9.3%འཕར་ཡོད་པ་རེད།

ལྕགས་ལམ་ཐད། ཟླ་10ཚེས་1ནས་ཟླ་10ཚེས་6ཉིན་བར་རྒྱལ་ཡོངས་ལྕགས་ལམ་ནས་རིམ་རྩིས་བརྒྱབ་ན་འགྲུལ་པ་མི་ཐེངས་དུང་ཕྱུར་1.1ལྷག་ཙམ་སྐྱེལ་འདྲེན་བྱས་ཡོད།

(བསྟན་འཛིན་བཟང་མོས་བསྒྱུར། བསྟན་འཛིན་བློ་གྲོས་ཀྱིས་ཞུས)