ཤིན་ཧྭ་གསར་འགྱུར་ཁང་གི་གསར་འགོད་པ། ཆིའུ་ཞ།
ཀྲུང་གོ་གསར་པ་དབུ་བརྙེས་ནས་ལོ་75འཁོར་བའི་སྐབས་སུ། ཀྲུང་ཧྭའི་བུ་ཕྲུག་ཚོས་གོ་ལ་ཧྲིལ་པོའི་ས་གནས་ཁག་ཏུ་དུས་ཆེན་དགའ་གཏོང་བྱས་ཡོད། སྣ་མང་ཕུན་སུམ་ཚོགས་པའི་རྟེན་འབྲེལ་བྱེད་སྒོ་ལས་བརྩེ་སེམས་མཉམ་འདྲེས་ཀྱི་མི་སེམས་འགུལ་བའི་རྣམ་པ་ཞིག་མངོན་པ་མ་ཟད། རིག་གནས་སྤེལ་རེས་ཀྱི་ངོ་མཚར་ཆེ་བའི་དུས་སྐབས་ཀྱང་བཀོད་ཡོད། ལོ་རྒྱུས་ཡུན་རིང་ལྡན་པའི་ཀྲུང་གོའི་རིག་གནས་ལ་གསོན་ཤུགས་དང་། གསར་གཏོད་བྱེད་ནུས། ཤུགས་རྐྱེན་ཐེབས་ནུས་བཅས་དེ་བས་ཆེ་བ་མངོན་པ་མ་ཟད། དུས་རབས་ཀྱི་ཉམས་འགྱུར་གསར་པ་ཡང་མངོན་བཞིན་ཡོད།
རིག་གནས་སྤེལ་རེས་ཁྲོད་བསམ་པའི་སྟོབས་ཤུགས་མངོན་པ།
ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་དབུ་བརྙེས་ནས་ལོ་75འཁོར་བའི་སྐབས་སུ། རོལ་དབྱངས་ལེ་ཚན་བརྒྱད་ལས་གྲུབ་པའི《རྨ་ཆུའི་མཉམ་གཞས་ཆེན་པོ》སུའེ་ཙེར་གྱི་གྲོང་ཁྱེར་རི་ནེ་ཝའི་ཝུའེ་ཏུའོ་ལི་ཡའི་རོལ་དབྱངས་ཚོམས་ཆེན་དུ་བཏང་བ་རེད། རོལ་དབྱངས་འཁྲབ་སྟོན་དུས་ཡུན་སྐར་མ་40ལྷག་ཙམ་བྱས་པ་དང་ས་གནས་ས་ཐོག་གི་ལྟད་མོ་བས་རོལ་དབྱངས་ལེ་ཚན་ཚང་མར་སྤྲོ་སེམས་འཁོལ་བའི་ཐལ་མོའི་རྡེབ་སྒྲ་གྲགས་པ་རེད། སུའེ་ཙེར་གྱི་གསར་འགོད་པའི་སྤྲོ་སྐྱིད་ཁང་གི་དེ་སྔའི་ཀྲུའུ་ཞི་ཅུས་དབྱི·མའེ་ཐང་གིས་མི་སེམས་ལ་གཡོ་འགུལ་ཐེབས་པའི་འཁྲབ་སྟོན་དེས་རང་ཉིད་ལ་ཀྲུང་གོའི་མི་དམངས་ཀྱིས་འབད་བརྩོན་ལྷོད་མེད་བྱེད་པའི་སྙིང་སྟོབས་ཟབ་མོ་ཚོར་བྱུང་། སུའེ་ཙེར་གྱི་ལྟད་མོ་བ་ཁ་ལིན·ལེ་ལེ་ཧྲེ་ཡིས“《རྨ་ཆུའི་མཉམ་གཞས་ཆེན་པོའི》ནང་རྒྱལ་གཅེས་ཀྱི་བརྩེ་སེམས་མཚོན་ཡོད། ཀྲུང་གོ་མི་དམངས་ཀྱིས་རང་རྒྱལ་ཁབ་ལ་དགའ་ཞེན་ཆེན་པོ་བྱེད་པ་དང་། ང་ཚོས་ཀྱང་དེ་ལྟར་བྱེད་ཀྱི་ཡོད་པས། རང་ཉིད་ལ་སེམས་འགུལ་ཆེན་པོ་ཐེབས་བྱུང་། ཀྲུང་གོར་སྨོན་འདུན་ཞུ་རྒྱུ་ཡིན”ཞེས་བརྗོད།
ནི་ཀྲེ་རི་ཡའི་ཀྲུང་གོའི་རིག་གནས་ལྟེ་གནས་སུ་ཨ་པུའུ་ཅ་སློབ་ཆེན་དེང་རབས་ཀྲུང་ཧྥེའི་འབྲེལ་བའི་ཞིབ་འཇུག་ལྟེ་གནས་ཀྱི་ཀྲུའུ་རེན་ཞེ་ལི་ཧྥུའུ·ཅ་ལི་ཡིས་ཀྲེ་ཅང་གི་པི་ཝང་རྒྱུད་བཞི་མ་མྱོང་རོལ་དང་། འཇིམ་བཟོ་དང་བསྲེག་བྲིས་ཉམས་ལེན་བྱེད་པ་མ་ཟད། ཟས་སྨན་རིག་གནས་འཆད་ཁྲིད་ལ་ཞུགས་ནས་ཀྲུང་གོའི་རིག་གནས་ཀྱིས“འཆམ་མཐུན”དང“མཛེས་ཉམས”དོན་གཉེར་བྱེད་པར་བསྔགས་བརྗོད་བྱས་པ་དང་། ཨར་ཅི་རི་ཡའི《རང་བཙན་གཞོན་ནུའི་ཚགས་པར》གྱི་གསར་འགྱུར་ཀྲུའུ་རེན་ཁཱ་མའེ་ལི·མན་ས་ལི་ཡིས། ཀྲུང་གོས་རྒྱལ་སྟོན་རིང་གཉེར་བའི་སྣེ་ལེན་ཚོགས་འདུ་དང་། རིག་གནས་འགྲེམས་སྟོན། རོལ་དབྱངས་འདུ་ཚོགས་སོགས་ཀྱི་བྱེད་སྒོ་ལས་ཀྲུང་གོའི་རིག་གནས་ཀྱི་སྣ་མང་རང་བཞིན་གང་ལེགས་མངོན་པ་མ་ཟད། ཨར་ཅི་རི་ཡ་བ་དེ་བས་མང་བས་ཀྲུང་གོའི་མི་རིགས་མང་བའི་སྒྱུ་རྩལ་གྱི་རྫོགས་མཐའ་མེད་པའི་ཡིད་དབང་འཕྲོག་ཤུགས་ཉམས་སུ་མྱོང་ཐུབ་ཡོད་ཅེས་བརྗོད།
གསར་གཏོད་གསར་སྐྲུན་ཁྲོད་རིག་གནས་ཀྱི་ཡིད་དབང་འཕྲོག་ཤུགས་གང་ལེགས་མངོན་པ།
ཉིན་བཞིན་འཕེལ་རྒྱས་འགྲོ་བའི་ཚན་རྩལ་འཕེལ་རྒྱས་ཀྱིས་ལོ་རྒྱུས་རིག་གནས་རྒྱུན་འཛིན་དང་སྤེལ་རེས་ལ་གཤོག་ཟུང་བསྒར་ཡོད། ཟླ་9པའི་ཟླ་སྟོད་དུ་ནེའུ་ཙི་ལན་གྱི་གྲོང་ཁྱེར་ཆེ་ཤོས་ཨའོ་ཁེ་ལན་དུ་སྤེལ་བའི“ཀྲུང་གོ་ཤེས་ཚོར”གྱི་བྱེད་སྒོ་ལས་ས་གནས་དེ་གའི་ལྟད་མོ་བས་བག་ཕེབས་ངང་ཏུན་ཧོང་རིག་གནས་ཀྱི་ཐུན་མོང་མ་ཡིན་པའི་ཡིད་དབང་འཕྲོག་ཤུགས་མྱོང་ཚོར་ཐུབ་ཡོད།
སིང་ཀྲུང་མཛའ་གྲོགས་མཐུན་ཚོགས་ཨའོ་ཁེ་ལན་ཡན་ལག་མཐུན་ཚོགས་ཀྱི་ཀྲུའུ་ཞི་གཞོན་པ་ལི་ཨའོ·ཏེ·ཀེ་ལ་ཧྥུའུ་ཡིས་VRའགྲེམས་སྟེགས་ནས་གྲངས་འཛིན་ཅན་སོར་ཆུད་ཀྱི་མོ་ཀའོ་བྲག་ཕུག་གི་བྲག་ཕུག་ཨང་285པར་ཉམས་ལེན་བྱས་རྗེས་རང་ཉིད“ཏུན་ཧོང་ལ་ཐེངས་གཅིག་འགྲོ་རྒྱུའི”འདུན་པ་མཚོན་པར་བྱས་ཡོད། ནེའུ་ཙི་ལན་རྒྱལ་ཚོགས་ཀྱི་གྲོས་མི་ཀྲེན་ཉི·ས་ལའེ་ས་ཡིས་མོ་ཀའོ་བྲག་ཕུག་གི་བྲག་ཕུག་ཨང་3པའི་འདྲ་བཟོས་བྲག་ཕུག་བརྒྱུད་ནས“མཛེས་སྡུག་དང་རིག་གནས་དབར་གྱི་འབྲེལ་བ་མྱོང་ཚོར་ཟབ་མོ་བྱུང”ཞེས་མྱོང་ཚོར་ཟབ་མོས་བརྗོད།
ཉེ་བའི་ལོ་ཤས་རིང་། ཀྲུང་གོས་རིག་གནས་དང་ཚན་རྩལ་མཉམ་འདྲེས་གཏིང་ཟབ་བྱེད་པར་མུ་མཐུད་སྐུལ་འདེད་བཏང་ནས་སྲོལ་རྒྱུན་རིག་གནས་ཀྱི་གསར་གཏོད་རང་བཞིན་གྱི་གཞན་སྒྱུར་དང་གསར་གཏོད་རང་བཞིན་གྱི་འཕེལ་རྒྱས་ལ་སྒུལ་ཤུགས་བསྣན་ཡོད། ཀྲུང་གོའི་ལོ་རྒྱུས་རིག་གནས་ཤུལ་བཞག་དེ་བས་མང་བ་ཞིག་རྒྱུན་ཆད་མེད་པར་གསར་གཏོད་བྱེད་པའི་གྲངས་གཞི་ཅན་གྱི་རྣམ་པའི་ཐོག་ནས་འཛམ་གླིང་ཐོག་སྐྱོད་བཞིན་ཡོད་པ་རེད།
དུས་རབས་གསར་པའི་ཀྲུང་གོས་གསར་གཏོད་གསར་སྐྲུན་ལ་འབད་བརྩོན་ལྷོད་མེད་བྱེད་པ་དེས“གནའ་དེང་སྐད་ཅིག་ཉིད་དུ་བློ་ངོར་བཀྲ ཁམས་གསུམ་གློག་བཞིན་སེམས་ངོར་ཤར་བའི”ཡུན་རིང་གི་འདུན་པ་དེ་ཀྲུང་གོ་དང་ཕྱི་རྒྱལ་གྱི་རིག་གནས་སྤེལ་རེས་ཁྲོད་ཀྱི་གསོན་ཉམས་དོད་པའི་རྣམ་པ་ཞིག་ལ་འགྱུར་བཞིན་ཡོད།
མཉམ་འདྲེས་དང་ཕན་ཚུན་དཔྱད་གཞིར་འཛིན་པའི་ཁྲོད་མཐུན་སྒྲིལ་དང་ཡིད་ཆེས་ཟབ་ཏུ་ཕྱིན་པ།
ཉིན་ཤས་བསྟུད་མར། ངོ་མཚར་ཆེ་བའི་ཀྲུང་གོ་དང་ཕྱི་རྒྱལ་གྱི་རིག་གནས་སྤེལ་རེས་བྱེད་སྒོ་འཛམ་གླིང་ས་གནས་ཁག་ཏུ་སྤེལ་ཞིང་། མར་ཐའི་སང་ཐ་ལུའུ་ཆི་ཡ་གྲོང་ཁྱེར་དུ་གནས་པའི་ཀྲུང་གོའི་གནའ་བོའི་སྐྱེད་ཚལ་གྱི“དབེན་གནས”སུ་ཀྲུང་གོའི་གཞུང་ཚབ་ཆེ་མོ་ཁང་དང་ས་གནས་དེ་གའི་ཕྱིར་སྡོད་རང་མིའི་ཚོགས་པས་མཉམ་འབྲེལ་ཐོག་གཉེར་བའི་རྒྱལ་སྟོན་སྤྲོ་གསེང་གླིང་དུ་མར་ཐའི་དམངས་ཚོགས་མང་པོ་ཞུགས་ཡོད། ཨར་པ་ནི་ཡའི་རྒྱལ་ས་ཐི་ར་ནར་ཀྲུང་ཨར་རྒྱལ་ཁབ་གཉིས་ཀྱི་རོལ་དབྱངས་མཁས་ཅན་གྱིས《ཐི་ར་ན་དང་པེ་ཅིང》ཞེས་པའི་གྲགས་ཅན་རོལ་དབྱངས་མཉམ་དུ་དཀྲོལ་བ་དང་། སུའེ་ཙེར་གྱི་རྒྱལ་ས་པེར་ནེའི་གནའ་གྲོང་དུ་གཉེར་བའི“ཀྲུང་གོ་དང་འཕྲད་བྱུང་། ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་དབུ་བརྙེས་ནས་ལོ་75འཁོར་བར་རྟེན་འབྲེལ་ཞུ”ཞེས་པའི་རིག་གནས་དུས་ཆེན་ཐོག་གྲུའུ་ཙེ་དམར་པོའི་ཞབས་བྲོ་དང་ཨར་པེ་སི་རི་བོ་རྟགས་ཅན་གྱི་རོལ་ཆ་སྔ་རྗེས་སུ་དཀྲོལ་གཏོང་བྱས་པ་རེད།
“ལོ་རྒྱུས་དང་རིག་གནས་ཀྱི་རྒྱབ་ལྗོངས་མི་འདྲ་བ་ལས་རྒྱལ་ཁབ་དབར་གྱི་མཉམ་ལས་ལ་རྟག་ཏུ་འགྲན་སློང་འཕྲད་ཀྱི་ཡོད། འོན་ཀྱང་ཀྲུང་གོས་འགྲན་སློང་དེ་དག་ཁྱད་བསད་བྱ་ཕྱིར་འབད་བརྩོན་ལྷོད་མེད་བྱེད་བཞིན་ཡོད་པ་ངས་རྟག་ཏུ་ཚོར་གྱི་འདུག”ཅེས་ཨ་ཀེན་ཐིན་རྒྱལ་བཙུགས་སྒྱུ་རྩལ་སློབ་ཆེན་རོལ་དབྱངས་དང་སྒྲའི་སྒྱུ་རྩལ་ཚན་ཁག་གི་རྒྱལ་སྤྱིའི་ལས་དོན་མཐུན་སྦྱོར་བ་ཅི་ལེར་མོ·ལེ་ཨེ་མན་གྱིས་ཀྲུང་གོས་ཐོག་མཐའ་བར་གསུམ་དུ་རྒྱལ་ཁབ་ཁག་དབར་མཛའ་གྲོགས་འགྲོ་འོང་དང་མཉམ་ལས་བྱ་ཐབས་འཚོལ་བར་གཞོལ་ནས་རྒྱལ་ཁབ་ཁག་གི་ཤེས་དཔལ་སྤེལ་རེས་དང་དཔྱད་གཞིར་འཛིན་པའི་ཁྲོད་ཐུན་མོང་ཐོག་མདུན་སྐྱོད་བྱེད་པར་སྐུལ་འདེད་གཏོང་བའི་ངོས་འཛིན་བྱེད་ཀྱི་ཡོད། “དེ་དག་ཚང་མར་དམིགས་ཚད་གསལ་པོ་ཞིག་ཡོད་པ་ནི་དེ་བས་ཞི་མཐུན་དང་། བསྟུན་མཁས། ཡར་རྒྱས་བཅས་ཀྱི་འབྱུང་འགྱུར་ཞིག་ཡོང་ཆེད་རེད”ཅེས་བརྗོད།
(ཉི་དོན་དང་ཚེ་དབང་ལྷ་མོས་སྒྱུར་ཞུས་བྱས)