འདི་ག་ཚགས་པར་ཁང་དུ་པེ་ཅིང་ནས་གློག་འཕྲིན་འབྱོར་གསལ། རྒྱལ་ཁབ་སྦྲག་སྲིད་ཅུས་ཀྱི་གྲངས་གཞི་ལས་མངོན་པར། ཟླ་9པའི་ཟླ་མཇུག་བར་རྒྱལ་ཡོངས་ཀྱི་མྱུར་སྐྱེལ་ལས་སྒོར་ཡོང་འབབ་སྒོར་དུང་ཕྱུར་ཁྲི་1ལྷག་ཙམ་བྱུང་ཡོད། 2021ལོར་སྒོར་དུང་ཕྱུར་ཁྲི་1ལས་ཐོག་མར་བརྒལ་བ་ནས་བཟུང་རང་རྒྱལ་གྱི་མྱུར་སྐྱེལ་གྱི་ལོའི་ལས་སྒོའི་ཡོང་འབབ་མགྱོགས་མྱུར་འཕར་བའི་རྣམ་པ་རྒྱུན་འཁྱོངས་ཐུབ་ནས་སྒོར་དུང་ཕྱུར་ཁྲི་ལས་བརྒལ་བའི་དུས་ཚོད་ལོ་རེ་བཞིན་སྔ་རུ་ཕྱིན་ཏེ། འདི་ལོ་ན་ནིང་ལས་ཟླ་གཅིག་དང་ཟླ་ཕྱེད་ཀྱིས་སྔ་བ་ཡོད་པ་རེད།