《西藏日报》 《西藏日报藏文版》 《人民日报藏文版》 《西藏商报》 《西藏法制报》 《西藏法制报藏文版》

2024年10月08日

ནུབ་རྒྱུད་ས་ཁུལ་གྱི་མྱུར་བགྲོད་ལྕགས་ལམ་གྱི་ལྟེ་བའི་ས་ཚིགས་ཆེ་ཤོས་སྐྲུན་བཞིན་པ།

↑རྒྱལ་སྟོན་གུང་གསེང་རིང་ཀྲུང་གོ་ལྕགས་ལམ་འཛུགས་སྐྲུན་ཚོགས་པ་ཚད་ཡོད་ཀུང་སི་དང་ཀྲུང་གོ་ལྕགས་ལམ་ལས་གྲྭ་འཛུགས་སྐྲུན་ཚད་ཡོད་ཀུང་སི་སོགས་ཚན་པས་སྐྲུན་འགན་འཁུར་བའི་ཁྲུང་ཆིང་ཤར་ཚུགས་ཀྱི་འགྲུལ་སྐྱེལ་ས་ཚིགས་དང་དེ་བཞིན་ལེ་ལག་ཕྱོགས་བསྡུས་འགྲིམ་འགྲུལ་ལྟེ་བའི་ལས་གྲྭ་མགྱོགས་མྱུར་སྐྲུན་བཞིན་ཡོད་ཅིང་། བཟོ་པ་ཚོས་ལས་གནས་བརྟན་སྲུང་གིས་ཨར་སྐྲུན་གྱི་མྱུར་ཚད་དམ་འཛིན་ནན་པོ་བྱས་པ་རེད།

ཁྲུང་ཆིང་ཤར་ཚུགས་ཀྱི་འགྲུལ་སྐྱེལ་ས་ཚིགས་དང་དེ་བཞིན་ལེ་ལག་ཕྱོགས་བསྡུས་འགྲིམ་འགྲུལ་ལྟེ་བའི་ལས་གྲྭ་དེ་ཁྲུང་ཆིང་ལྷོ་ངོས་ཇ་ར་གླིང་གི་ཡུག་ཁུལ་དུ་གནས་ཤིང་། དེ་ནི་འགྲིམ་འགྲུལ་སྟོབས་ཆེན་གྱི་རྒྱལ་ཁབ་འཛུགས་སྐྲུན་གྱི་ལྟེ་བའི་ས་ཚིགས་དང་གྲོང་ཁུལ་གཞི་གཅིག་ཅན་གྱི་ཚོད་ལྟའི་ལས་གྲྭ་ཞིག་རེད། དེ་བསྐྲུན་རྗེས་ཁྲུང་ཆིང་ནས་ཁྲང་ཧྲ་བར་གྱི་མྱུར་བགྲོད་ལྕགས་ལམ་དང་། ཁྲུང་ཆིང་ནས་དབན་ཀྲོའུ་བར་གྱི་མྱུར་བགྲོད་ལྕགས་ལམ། ཁྲུང་ཆིང་ནས་ཀུའེ་ཀྲོའུ་བར་གྱི་མྱུར་བགྲོད་ལྕགས་ལམ། ཁྲུང་ཆིང་ནས་ཁུན་མིང་བར་གྱི་མྱུར་བགྲོད་ལྕགས་ལམ་སོགས་ཀྱི་ལམ་ཐག་མང་པོ་ཞིག་མཐུད་རྒྱུ་མ་ཟད། དེ་ནུབ་རྒྱུད་ས་ཁུལ་གྱི་མྱུར་བགྲོད་ལྕགས་ལམ་གྱི་ལྟེ་བའི་ས་ཚིགས་ཆེ་ཤོས་སུ་འགྱུར་རྒྱུ་རེད། ཁྲུང་ཆིང་ཤར་ཚུགས་དེ་སྔོན་དཔག་ལྟར་ན་2025ལོར་ཁྲུང་ཆིང་ནས་ཁྲང་ཧྲ་བར་གྱི་མྱུར་བགྲོད་ལྕགས་ལམ་ཁྲུང་ཆིང་ནས་ཆན་ཅང་དུམ་བུའི་བར་དུས་གཅིག་ཏུ་བསྐྲུན་ཟིན་ནས་སྤྱོད་འགོ་ཚུགས་རྒྱུ་རེད། འདི་ནི་ཁྲུང་ཆིང་ཤར་ཚུགས་ཀྱི་འགྲུལ་སྐྱེལ་ས་ཚིགས་དང་དེ་བཞིན་ལེ་ལག་ཕྱོགས་བསྡུས་འགྲིམ་འགྲུལ་ལྟེ་བའི་ལས་གྲྭ་སྐྲུན་བཞིན་པ།