《西藏日报》 《西藏日报藏文版》 《人民日报藏文版》 《西藏商报》 《西藏法制报》 《西藏法制报藏文版》

2024年10月08日

“ང་ཡི་ཀྲུང་ཧྭར་དགའ། ང་ཡི་ལྕགས་རི་རིང་པོ་སྐྲུན”ཞེས་པའི་ཕྱག་བྲིས་གནང་ནས་ལོ་40འཁོར་བའི་བྱེད་སྒོ་གཉེར་བ།

འདི་ག་ཚགས་པར་ཁང་དུ་པེ་ཅིང་ནས་གློག་འཕྲིན་འབྱོར་གསལ། ཉེ་ཆར། པེ་ཅིང་གྲོང་ཁྱེར་པ་ཏ་ལིང་ལྕགས་རི་རིང་པོའི་འདབས་སུ“ང་ཡི་ཀྲུང་ཧྭར་དགའ། ང་ཡི་ལྕགས་རི་རིང་པོ་སྐྲུན”ཞེས་པའི་ཕྱག་བྲིས་གནང་ནས་ལོ་40འཁོར་བའི་བྱེད་སྒོ་གཉེར་བ་རེད།

1984ལོར་བློ་མཐུན་ཏེང་ཞའོ་ཕིང་དང་བློ་མཐུན་ཞི་ཀྲུང་ཞུན་སོགས་འགོ་ཁྲིད་བློ་མཐུན་གྱིས་རྒྱལ་སའི་སྡེ་ཚན་ཁ་ཤས་ལ“ང་ཡི་ཀྲུང་ཧྭར་དགའ། ང་ཡི་ལྕགས་རི་རིང་པོ་སྐྲུན”ཞེས་པའི་བྱེད་སྒོར་ཕྱག་བྲིས་གནང་བས་རྒྱལ་ཁབ་ཕྱི་ནང་གི་ཀྲུང་ཧྭའི་བུ་ཕྲུག་གིས་ལྕགས་རི་རིང་པོར་སྲུང་སྐྱོང་བྱེད་པའི་སྤྲོ་སེམས་འཕེལ་ཡོད། ཏང་གི་ཚོགས་ཆེན་བཅོ་བརྒྱད་པ་འཚོགས་ཚུན། རྒྱལ་ཡོངས་ཀྱི་ས་གནས་ཁག་དང་། སྡེ་ཚན་ཁག སྤྱི་ཚོགས་ལས་རིགས་ཁག་བཅས་ཀྱིས་ཐུན་མོང་ཐོག་འབད་བརྩོན་བྱས་པར་བརྟེན་ལྕགས་རི་རིང་པོའི་སྲུང་སྐྱོང་ལ་གྲུབ་འབྲས་མངོན་གསལ་དོད་པོ་ཐོབ་ཡོད།

བྱེད་སྒོའི་ནང་རྒྱལ་ཁབ་རིག་དངོས་ཅུས་ཀྱིས་མཛུབ་ཁྲིད་དང་ཀྲུང་གོ་རིག་དངོས་སྲུང་སྐྱོང་ཐེབས་རྩ་ལྷན་ཚོགས་ཀྱིས་སྤེལ་བའི“ང་ཡི་ཀྲུང་ཧྭར་དགའ། ང་ཡི་ལྕགས་རི་རིང་པོ་སྐྲུན”ཞེས་པའི་ལྕགས་རི་རིང་པོ་སྲུང་སྐྱོང་གི2024ལོའི་ཡོངས་བསྒྲགས་ངང་ཞལ་འདེབས་བསྡུ་བའི་བྱེད་སྒོ་དངོས་སུ་སྤེལ་འགོ་ཚུགས་ཏེ། སླར་ཡང་སྤྱི་ཚོགས་ཀྱི་མ་དངུལ་བསྡུ་རུབ་བྱས་ནས་ལྕགས་རི་རིང་པོའི་སྲུང་སྐྱོང་ལ་སྤྱོད་རྒྱུ་ཡིན་ཞིང་། པེ་ཅིང་གྲོང་ཁྱེར་རིག་དངོས་ཅུས་དང་གུང་གཞོན་སྡེ་ཚོགས་པེ་ཅིང་གྲོང་ཁྱེར་ཨུ་ལྷན་གྱིས་པེ་ཅིང་གི་སློབ་གྲྭ་ཆེན་མོ་བའི་ལྕགས་རི་རིང་པོ་སྲུང་སྐྱོང་དང་བླངས་ཞབས་ཞུ་རུ་ཁག་ལ་དར་ཆ་སྤྲད་པས་ལྕགས་རི་རིང་པོ་སྲུང་སྐྱོང་གི་དཔུང་ཁག་ནང་སྟོབས་ཤུགས་གསར་པ་ཁག་གཅིག་ཞུགས་པ་རེད།

(གནམ་ཕྱུག་རྒྱལ་གྱིས་བསྒྱུར། བསོད་བདེ་ཆེ་བས་ཞུས)