ཉེ་ཆར། ཀྲེ་ཅང་ཧང་ཀྲོའུ་གྲོང་ཁྱེར་གྱི་ཁེ་ལས་ཤིག་གིས“འོད་ཤུགས་གཙང་སྦྲའི་འཕྲུལ་མི”བདེ་བླག་ངང་སྤྱད་ཐུབ་ཡོད། སྲོལ་རྒྱུན་གྱི་མི་ཐབས་གཙང་སྦྲ་དང་བསྡུར་ན། འཕྲུལ་མིའི་བདེ་འཇགས་རང་བཞིན་ཆེ་ལ་མྱུར་ཚད་མགྱོགས་པས་གཙང་མ་བཀྲུས་རྗེས་འོད་ཤུགས་སྒྲིག་ཆས་ཀྱི་གློག་གཏོང་ཚད་མཐོ་རུ་འགྲོ་གི་ཡོད། ཧང་ཀྲོའུ་གློག་ཤུགས་མཁོ་འདོན་སྡེ་ཚན་གྱིས་བྱ་ཐབས་རབ་དང་རིམ་པ་སྤྱད་པ་བརྒྱུད་ནུས་རྒྱུ་གསར་པ་མཁོ་འདོན་གྱི་བརྟན་པོའི་རང་བཞིན་དང་བེད་སྤྱོད་ཀྱི་ལས་ཕྱོད་ཆེ་རུ་ནུས་ལྡན་ཕྱིན་ནས། མིག་སྔར་ཧང་ཀྲོའུ་གློག་དྲའི་འོད་ཤུགས་གློག་གཏོང་གི་གློག་འདོན་ཤུགས་ཆན་ཝ་ཁྲི་375ཟིན་ཡོད་པ་རེད། འདི་ནི་འཕྲུལ་མིས་འོད་ཤུགས་ཤེལ་ལེབ་འཁྲུད་བཞིན་པ།