འདི་ག་ཚགས་པར་ཁང་དུ་པེ་ཅིང་ནས་ཟླ་9ཚེས་25ཉིན་གློག་འཕྲིན་འབྱོར་གསལ། ཉེ་ཆར། རྒྱལ་སྲིད་སྤྱི་ཁྱབ་ཁང་གི་མོས་མཐུན་ཐོབ་པ་བརྒྱུད། དམངས་སྲིད་པུའུ་དང་ནོར་སྲིད་པུས་མཉམ་དུ་ཀྲུང་གོ་གསར་པ་དབུ་བརྙེས་ནས་ལོ་75འཁོར་བའི་མཚམས་སུ། དམིགས་བསལ་དཀའ་ངལ་ཡོད་པའི་མི་སྣ་དང་དྭ་ཕྲུག་སོགས་དཀའ་ངལ་ཡོད་པའི་མང་ཚོགས་ལ་ཐེངས་གཅིག་རང་བཞིན་གྱི་འཚོ་བའི་ཁ་གསབ་བཀོད་སྒྲིག་བྱས་ཡོད་པ་རེད།
དམངས་སྲིད་པུའུ་དང་ནོར་སྲིད་པུས་ས་གནས་ཁག་གི་དམངས་སྲིད་དང་ནོར་སྲིད་སྡེ་ཚན་ལ་ད་ཐེངས་ཀྱི་ཐེངས་གཅིག་རང་བཞིན་གྱི་འཚོ་བའི་ཁ་གསབ་སྤྲོད་པའི་ལས་དོན་ལ་ཚད་མཐོའི་མཐོང་ཆེན་བྱས་ཏེ། མཉམ་སྒྲུབ་གཞོགས་འདེགས་བྱེད་ཤུགས་ཆེ་རུ་བཏང་ནས་སྒྲིག་འཛུགས་ལག་བསྟར་ནན་ཏན་བྱེད་དགོས་པ་དང་། དངུལ་སྤྲོད་པའི་ཁྱབ་ཁོངས་ལ་ཞིབ་བཤེར་ནན་པོ་བྱས་ནས་དངུལ་སྤྲོད་པའི་གོ་རིམ་ཚད་ལྡན་དུ་གཏོང་བ་དང་། མ་དངུལ་ཆེད་དངུལ་ཆེད་སྤྱོད་ཐུབ་པར་བྱས་ཏེ་ཟླ་10ཚེས་1ཉིན་གྱི་གོང་དུ་ཐེངས་གཅིག་རང་བཞིན་གྱི་འཚོ་བའི་ཁ་གསབ་དངུལ་དཀའ་ངལ་ཡོད་པའི་མང་ཚོགས་ཀྱི་ལག་ཏུ་སྤྲོད་ཐུབ་པའི་འགན་ལེན་བྱས་ནས། ཏང་དང་སྲིད་གཞུང་གིས་དཀའ་ངལ་ཡོད་པའི་མང་ཚོགས་ལ་ཐུགས་ཁུར་དང་གཅེས་སྐྱོང་གནང་ལུགས་དུས་ཐོག་ཏུ་བརྒྱུད་སྤྲོད་བྱེད་དགོས་པའི་བླང་བྱ་བཏོན་ཡོད་པ་རེད།
(པ་ཚེ་དང་བུ་ཁྲིད་ཀྱིས་སྒྱུར་ཞུས་བྱས)