འདི་ག་ཚགས་པར་ཁང་དུ་པེ་ཅིང་ནས་གློག་འཕྲིན་འབྱོར་གསལ། ཉེ་ཆར། རྒྱལ་ཡོངས་བུད་མེད་མཉམ་འབྲེལ་ལྷན་ཚོགས་དང་། རྒྱལ་ཁབ་མི་རིགས་ལས་དོན་ཨུ་ལྷན། དམངས་སྲིད་པུའུ། ཞིང་ལས་དང་གྲོང་གསེབ་པུའུ། ཀྲུང་དབྱང་དམག་ཨུད་ཆབ་སྲིད་ལས་དོན་པུའུ་བཅས་ཀྱིས་མཉམ་འབྲེལ་ཐོག“རྒྱལ་ཡོངས་མི་དམངས་ཀྱིས་མཉམ་དུ་རྟེན་འབྲེལ་ཞུས་ནས་བདེ་སྐྱིད་ཡོང་བའི་དཔང་པོ་བྱེད”ཅེས་པའི་2024ལོའི་རྒྱལ་ཡོངས་ཀྱི་མི་ཁྲིའི་མཉམ་སྡེབ་གཉེན་སྒྲིག་མཛད་སྒོ་གཉེར་བ་རེད། གཉེན་སྒྲིག་མཛད་སྒོ་པེ་ཅིང་གི་ཚོགས་ར་གཙོ་བོ་དང་། ཞིང་ཆེན་དང་། རང་སྐྱོང་ལྗོངས། གྲོང་ཁྱེར་བཅས་ཁག་དང་ཤིན་ཅང་ཐོན་སྐྱེད་འཛུགས་སྐྲུན་པིང་ཐོན་གྱི་ཡན་ལག་ཚོགས་ར་49རུ་དུས་གཅིག་ཏུ་གཉེར་བ་དང་། རྒྱལ་ཡོངས་ཀྱི་ཞིང་ཆེན་དང་། རང་སྐྱོང་ལྗོངས། གྲོང་ཁྱེར་བཅས་ཁག་དང་ཤང་ཀང་དང་། ཨའོ་མོན། ཐའེ་དབན་བཅས་ས་ཁུལ་ནས་ཡོང་བའི་མག་པ་དང་མནའ་མ་ཆ་འགྲིག་5100ལྷག་ཙམ་གཞི་ཁྱོན་ཆེ་བའི་ཀྲུང་ལུགས་ཀྱི་མཉམ་སྡེབ་གཉེན་སྒྲིག་ནང་ཞུགས་ཡོད།
མག་པ་དང་མནའ་མ་རྣམས་ནི་མི་རིགས་28ནས་ཡིན་པ་དང་། ཚན་རྩལ་དང་། སློབ་གསོ། རིག་གནས། སྨན་བཅོས། ཞིང་ལས་སོགས་ལས་རིགས་ཁག་ཏུ་ཁྱབ་ཡོད། ཡན་ལག་ཚོགས་ར་ཁག་ཏུ་བུད་མེད་མཉམ་འབྲེལ་ལྷན་ཚོགས་ཀྱིས་འབྲེལ་ཡོད་སྡེ་ཚན་དང་མཉམ་དུ་སྲོལ་རྒྱུན་རིག་གནས་དང་གོམས་སྲོལ་སྒྱུར་བ་སོགས་ཀྱི་ཁྱིམ་ཚང་གི་ཤེས་དཔལ་འཛུགས་སྐྱོང་ནང་དོན་མཉམ་སྡེབ་གཉེན་སྒྲིག་གི་འབྲེལ་ཡོད་ལེ་ཚན་ནང་བཅུག་སྟེ། མི་རིགས་ཀྱི་གཉེན་སྒྲིག་གོམས་སྲོལ་རིག་གནས་རྒྱུན་འཛིན་དང་གཉེན་སྒྲིག་ལུགས་གསར་གྱི་ཤེས་དཔལ་སྲོལ་གསར་དར་སྤེལ་བཏང་ཡོད།
(པ་སངས་སྒྲོན་ལགས་ཀྱིས་བསྒྱུར། ལྷག་པ་ཚེ་རིང་གིས་ཞུས)