འདི་ག་ཚགས་པར་ཁང་དུ་པེ་ཅིང་ནས་གློག་འཕྲིན་འབྱོར་གསལ། རྨ་ཆུའི་སྟོད་རྒྱུད་དང་བར་རྒྱུད་ཀྱི་གཙོ་གནད་ཆུ་མཛོད་ཀྱི་ཤོང་ཚད་སླར་གསོ་བྱས་ནས་ཆུ་མཛོད་ཀྱི་ནུས་པ་རྒྱུན་གཏན་ལྟར་འདོན་སྤེལ་ཐུབ་པའི་འགན་ལེན་བྱེད་ཆེད། ཉེ་ཆར་ཆུ་བེད་པུས་རྨ་ཆུའི་ཆུ་བེད་ཨུ་ལྷན་ལ་མཛུབ་ཁྲིད་ཀྱིས་ཉིང་ཞ་དང་ནང་སོག་གི་གཙང་དུམ་གྱི་ཆུ་འདྲེན་མཚམས་བཞག་པའི་སྐབས་དང་བསྟུན་ཏེ། མཉམ་འབྲེལ་ཐོག་བྱེ་གཤོང་བཀོད་གཏོང་ལས་དོན་སྤེལ་ནས་ཧྲ་ཕུའོ་ཐོའུ་དང་། ཆིང་ཐུང་ཞ། ཧའེ་པོ་དབན། དབན་ཅ་ཀྲེ། ལུང་ཁའུ་སོགས་ཆུ་མཛོད་5ནས་བསྡོམས་བྱེ་མ་ཏུན་དུང་ཕྱུར་1.44བཤངས་ཤིང་། དེའི་ནང་ཆུ་མཛོད་ཁུལ་ནས་བྱེ་འདམ་གཤོང་ཚད་ཁྱོན་ཏུན་ཁྲི་6790ཟིན་ནས་ཆུ་མཛོད་ཀྱི་བྱེ་འདམ་བཤངས་པའི་ཕན་འབྲས་མངོན་གསལ་དོད་པོ་ཡོད་པ་རེད།
ད་རེས་ཀྱི་མཉམ་འབྲེལ་བྱེ་གཤོང་བཀོད་གཏོང་ལས་དོན་ཡག་པོ་སྒྲུབ་ཆེད། རྨ་ཆུའི་ཆུ་བེད་ཨུ་ལྷན་གྱིས་བདེ་འཇགས་ཚོད་འཛིན་དང་སྤྱི་འདོམས་ལྟ་རྟོག་གི་རྩ་དོན་ལྟར《2024ལོའི་རྨ་ཆུའི་སྟོད་རྒྱུད་དང་བར་རྒྱུད་ཀྱི་གཙོ་གནད་ཆུ་མཛོད་ཀྱི་མཉམ་འབྲེལ་བྱེ་གཤོང་བཀོད་གཏོང་ཇུས་གཞི》སྒྲིག་འཛུགས་བྱས་ནས་བཀོད་དེ། བྱེ་གཤོང་ལས་དོན་བདེ་འཇགས་དང་གོ་རིམ་ལྡན་པའི་ངང་སྤེལ་ཐུབ་པའི་འགན་ལེན་ནུས་ལྡན་བྱས་ཡོད།