ཤིན་ཧྭ་གསར་འགྱུར་ཁང་ཤིས་ཨན་ནས་གློག་འཕྲིན་འབྱོར་གསལ། ཚེས་20ཉིན། དར་གོས་ལམ་བུའི་རྒྱལ་སྤྱིའི་དངོས་མང་སྟོན་ཚོགས་སྐབས་བརྒྱད་པ་ཧྲའན་ཤིས་ཤིས་ཨན་དུ་འགོ་ཚུགས་ཤིང་། རྒྱལ་ཡོངས་མི་དམངས་འཐུས་ཚོགས་རྒྱུན་ལས་ཨུ་ལྷན་གྱི་ཨུ་ཡོན་ཀྲང་གཞོན་པ་ཞུའེ་ཁེ་ལའེ་ཐི·ཀྲ་ཁེར་འགོ་ཚུགས་མཛད་སྒོར་ཞུགས་པ་དང་འབྲེལ་གཙོ་དོན་གཏམ་བཤད་ཀྱང་གནང་བ་རེད།
ཞུའེ་ཁེ་ལའེ་ཐི·ཀྲ་ཁེར་གྱིས་སྐབས་འདིའི་དར་གོས་ལམ་བུའི་རྒྱལ་སྤྱིའི་དངོས་མང་སྟོན་ཚོགས་ཀྱིས“ཕན་ཚུན་སྦྲེལ་མཐུད་དམ་ཟབ་བྱེད། དཔལ་འབྱོར་ཚོང་དོན་མཉམ་ལས་རྒྱ་སྐྱེད་གཏོང”ཞེས་པ་བརྗོད་དོན་གཙོ་བོར་བྱས་ཤིང་། དེའི་དམིགས་ཡུལ་ནི་སྒོ་དབྱེའི་ཐུན་མོང་གི་ངོས་འཛིན་སྔར་བས་གཅིག་ཏུ་སྒྲིལ་བ་དང་། དངོས་སྒྲུབ་མཉམ་ལས་ལ་ཤུགས་སྣོན་རྒྱག་པ། ཆུ་ཚད་མཐོ་བའི་སྒོ་དབྱེར་བརྟེན་ནས་སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་སྐུལ་འདེད་གཏོང་བ་བཅས་བྱས་ཏེ། སྐམ་མཚོའི་ཕྱི་ནང་མཉམ་སྒུལ་དང་ཤར་ནུབ་གཉིས་ཕན་གྱི་སྒོ་དབྱེའི་རྣམ་པ་གསར་པ་མགྱོགས་མྱུར་གཏོད་ཆེད་རེད། ཀྲུང་གོས་ཕྱོགས་ཁག་དང་མཉམ་དུ་ཕན་ཚུན་སྦྲེལ་མཐུད་ཀྱི་དྲ་རྒྱ་སྔར་བས་ཤར་བགྲོད་དང་ནུས་ཆེ་ཡོང་བར་སྐུལ་འདེད་གཏོང་བ་དང་ཁྱབ་ཁོངས་ཁག་གི་དངོས་སྒྲུབ་མཉམ་ལས་ཟམ་མི་ཆད་པར་གོམ་ཞེང་ཆེན་པོས་མདུན་སྐྱོད་ཐུབ་པར་བྱས་ཏེ། མིའི་རིགས་ཀྱི་ལས་དབང་གཅིག་མཐུན་ཚོགས་པའི་འདུ་ཤེས་སྔར་བས་མི་སེམས་སུ་ཟུག་པར་སྐུལ་འདེད་གཏོང་འདོད་ཡོད་ཅེས་གསུངས་པ་རེད།
ཉེ་བའི་ལོ་ཤས་རིང་། མཚོ་སྔོན་ཞིང་ཆེན་མཚོ་ཤར་གྲོང་ཁྱེར་དགོན་ལུང་ཧོར་རིགས་རང་སྐྱོང་རྫོང་གིས་ས་གནས་དེ་གའི་གནམ་གཤིས་ཀྱི་ཆ་རྐྱེན་དང་སྐྱེ་ཁམས་ལེགས་ཆར་བརྟེན་པ་དང་ཡུལ་བབ་དང་བསྟུན་ཏེ། ས་མཐོའི་གྲང་བསིལ་སྔོ་ཚལ་ཐོན་ལས་འཕེལ་རྒྱས་བཏང་ནས་གྲོང་གསེབ་ཕྱོགས་ཡོངས་ནས་དར་རྒྱས་ཡོང་བར་རམ་འདེགས་བྱས་ཡོད།
འདི་ནི་དགོན་ལུང་རྫོང་ཐའེ་ཙི་ཤང་ཁྲང་ཧྲའུ་གྲོང་ཚོའི་ཡུལ་མིས་སྔོ་ཚལ་འཐུ་བཞིན་པ།