《西藏日报》 《西藏日报藏文版》 《人民日报藏文版》 《西藏商报》 《西藏法制报》 《西藏法制报藏文版》

2024年09月25日

ཀྲུང་གོ་རྒྱལ་སྤྱིའི་གྲངས་འཛིན་དཔེ་སྐྲུན་དངོས་མང་སྟོན་ཚོགས་སྐབས་བཅུ་བཞི་པ་ཧའེ་ཁོའུ་རུ་གཉེར་བ།

འདི་ག་ཚགས་པར་ཁང་དུ་ཧའེ་ཁོའུ་ནས་ཟླ་9ཚེས་21ཉིན་གློག་འཕྲིན་འབྱོར་གསལ། ཚེས་21ཉིན། “གསར་གཏོད་ལ་བརྟེན་ནས་སྤུས་ཚད་མཐོ་རུ་བཏང་སྟེ་གྲངས་འཛིན་ཅན་གྱི་འབྱུང་འགྱུར་གཏོད”ཅེས་པ་བརྗོད་དོན་གཙོ་བོར་བྱས་པའི་ཀྲུང་གོ་རྒྱལ་སྤྱིའི་གྲངས་འཛིན་དཔེ་སྐྲུན་དངོས་མང་སྟོན་ཚོགས་སྐབས་བཅུ་བཞི་པ་ཧའེ་ནན་ཧའེ་ཁོའུ་རུ་འགོ་ཚུགས་པ་རེད།

སྐབས་འདིའི་གྲངས་འཛིན་དཔེ་སྐྲུན་དངོས་མང་སྟོན་ཚོགས་ཐོག་གྲངས་འཛིན་ཅན་དང་རྒྱལ་སྤྱི་ཅན་གྱི་ཁྱད་ཆོས་མངོན་པར་བྱས་པ་མ་ཟད། འགྲེམས་སྟོན་དང་། གླེང་སྟེགས་གཙོ་བོ། ཆེད་དོན་གླེང་སྟེགས། ས་གནས་ས་ཐོག་གི་རིམ་སྤེལ་བྱེད་སྒོ་བཅས་སྤེལ་ཞིང་། དཔེ་སྐྲུན་ལས་རིགས་ཀྱི་ཐོན་སྐྱེད་ནུས་ཤུགས་གསར་མ་འཕེལ་རྒྱས་གཏོང་བ་དང་། གྲངས་འཛིན་དཔེ་སྐྲུན་གྱི་ནང་དོན་རྩེ་གྲ་གཏོད་པ། གྲངས་འཛིན་དཔེ་སྐྲུན་གྱི་རྒྱལ་སྤྱིའི་མཉམ་ལས་ལ་སྐུལ་འདེད་གཏོང་བ་སོགས་ཀྱི་བརྗོད་གཞིར་དམིགས་ནས། སྐུ་མགྲོན་600ལྷག་ཙམ་གླེང་སྟེགས་གཙོ་བོར་ཞུགས་ཡོད་ལ། ཀྲུང་གོ་དང་ཕྱི་རྒྱལ་གྱི་སྒྲིག་གཞི་10ཡི་འབྲེལ་ཡོད་འཐུས་མིས་སྤེལ་རེས་གཏམ་བཤད་ཀྱང་བྱས་པ་རེད།

དུས་ཡུན་ཉིན་3གྱི་དངོས་མང་སྟོན་ཚོགས་ཀྱི་འགྲེམས་སྟོན་རྒྱ་ཁྱོན་ལ་སྨི་ངོས་གྲུ་ཁྲི་3ཙམ་ཟིན་པ་དང་། དཔེ་སྐྲུན་ཁེ་ལས་དང་རིག་གནས་ཚན་རྩལ་ཁེ་ལས་500ལྷག་ཙམ་འགྲེམས་སྟོན་ལ་ཞུགས་ནས་གྲངས་འཛིན་དཔེ་སྐྲུན་གྱི་ཐོན་རྫས་གསར་པ་དང་། རྣམ་པ་གསར་པ། ལས་རྣམ་གསར་པ། དེ་བཞིན་གྲངས་འཛིན་དཔེ་སྐྲུན་གྱི་རྒྱལ་སྤྱིའི་མཉམ་ལས་ཀྱི་རྣམ་གྲངས་གསར་པ་དང་། གྲུབ་འབྲས་གསར་པ། ཚད་བརྒལ་གསར་པ་བཅས་འགྲེམས་སྟོན་དང་སྤེལ་རེས་བྱས་ཡོད།

(པད་ཆོས་ཀྱིས་བསྒྱུར། པ་སངས་ཀྱིས་ཞུས)