⇑ འདི་ནི་ཟླ་8ཚེས་22ཉིན། པེ་ཅིང་དབྱི་ཁྲོང་རྒྱལ་སྤྱིའི་འགྲེམས་ཚོགས་ལྟེ་གནས་ཀྱི་2024ལོའི་འཛམ་གླིང་འཕྲུལ་མི་ཚོགས་ཆེན་ཐོག་ལྟ་སྐོར་བས“མི་གཟུགས་འཕྲུལ་མིས”རོལ་ཆ་དཀྲོལ་བར་ལྟ་བཞིན་པ།
ཏུའུ་ཅན་ཕོ་ཡིས་པར་བླངས།
ཉེ་ཆར། 2024ལོའི་འཛམ་གླིང་འཕྲུལ་མི་ཚོགས་ཆེན་པེ་ཅིང་དུ་གྲོལ་བ་རེད། ད་ཐེངས་ཀྱི་ཚོགས་ཆེན་ལ་ཁྱོན་ཁེ་ལས་169ཡིས་གསར་གཏོད་ཐོན་རྫས་སྣ་ཁ་600ལྷག་ཙམ་འགྲེམས་སྟོན་བྱས་པ་དེའི་ནང་མི་གཟུགས་འཕྲུལ་མི་27ཡོད་པ་རེད། ཀྲུང་གོའི་འཕྲུལ་མི་གཙོ་བོ་བཟོ་གྲྭའི་ཐོན་སྐྱེད་སྒྲུབ་རིམ་དུ་སྤྱོད་ཅིང་། བཟོ་སྐྲུན་ལས་རིགས་ལ་འཕྲུལ་མི་ཁྱབ་ཚད་བཟོ་པ་ཁྲི་རེའི་ནང་འཕྲུལ་མི་470ཡོད་པ་དང་། ལོ་10ཡི་གོང་ལས་ལྡབ་20ཙམ་འཕར་ཡོད། 2022ལོར། གོ་ལ་ཧྲིལ་པོའི་བཟོ་གྲྭར་བཟོ་ལས་འཕྲུལ་མི་ཁྲི་55ཙམ་གསར་དུ་སྒྲིག་སྦྱོར་བྱས་པ་དེའི་ནང་ཀྲུང་གོའི་བཟོ་གྲྭར་ཁྲི་29ཙམ་སྒྲིག་སྦྱོར་བྱས་པ་དེས་བསྡུར་ཚད་50%ལྷག་ཙམ་ཟིན་པ་མ་ཟད། བཟོ་ལས་འཕྲུལ་མི་སྒྲིག་སྦྱོར་གྱི་གྲངས་འབོར་ཨང་གཉིས་པ་ཡིན་པའི་རི་པིན(ཁྲི་5ཙམ)ལས་ཆེས་ཆེར་མང་བ་ཡོད། ཇའི་སྒྱུ་རྩལ་དང་ཡིག་གཟུགས་སོགས་དམིགས་བསལ་གྱི་རྩལ་ནུས་ཁོང་དུ་ཆུད་པའི་འཕྲུལ་མི་ཡང་དངོས་སུ་སྤྱོད་བཞིན་ཡོད་ལ། འཛམ་གླིང་འཕྲུལ་མི་ཚོགས་ཆེན་ཐོག་ད་དུང་གཤགས་བཅོས་འཕྲུལ་མི་དང་ལོང་ཁྲིད་འཕྲུལ་མི་ཡང་འགྲེམས་སྟོན་བྱས་ཡོད།
ན་ནིང་ཟླ་10པར་ཀྲུང་གོ་བཟོ་ལས་དང་ཆ་འཕྲིན་ཅན་པུའུ་ཡིས་2025ལོར་མི་གཟུགས་འཕྲུལ་མི་འབོར་ཆེན་ཐོན་སྐྱེད་བྱེད་པ་བཏོན་ཡོད་པ་རེད།
—— རི་པིན་གྱི《རྡུ་མལ་གསར་འགྱུར》ཐོག་སྤེལ་བའི་གནས་ཚུལ།