ནང་མི་སྤུན་མཆེད་དང་གྲོགས་པོ་མཉམ་འཛོམས་དང་། ཕྱིར་ཡུལ་སྐོར་སྤྲོ་གསེང་ལ་སྐྱོད་པ། བཅོ་ལྔའི་ཟླ་བའི་མཛེས་པར་མྱོང་རོལ་བྱེད་པ། འབྲུག་རྩེད་རྩེ་བ། ལྒང་བཞུའི་གབ་ཚིག་རྟོགས་པ་སོགས་ཟླ་མཆོད་དུས་ཆེན་རིང་ས་གནས་ཁག་གི་མང་ཚོགས་ཀྱིས་རྣམ་པ་སྣ་ཚོགས་ཀྱི་ཐོག་ནས་དུས་ཆེན་དགའ་གཏོང་བྱེད་ཅིང་། ས་གནས་ཁག་གིས་སྣ་མང་ཕུན་སུམ་ཚོགས་པའི་རིག་གནས་བྱེད་སྒོ་སྤེལ་ནས་མི་རྣམས་ཀྱིས་སྲོལ་རྒྱུན་དུས་ཆེན་གྱི་ཡིད་དབང་འཕྲོག་ཤུགས་མྱོང་རོལ་ཐུབ་པར་བྱས་ཏེ། མཉམ་འཛོམས་ཀྱི་དྲོ་སྐྱིད་ལྡན་ཅིང་འཆམ་མཐུན་གྱི་དུས་ཆེན་ཞིག་དགའ་གཏོང་བྱས་ཡོད།
↑འདི་ནི་ཟླ་9ཚེས་16ཉིན་ཟླ་མཆོད་དུས་ཆེན་གྱི་གུང་གསེང་རིང་སི་ཁྲོན་ཞིང་ཆེན་དབྱི་པིན་གྲོང་ཁྱེར་ཚུའེ་ཕིང་ཆུས་ལི་ཀྲོང་གནའ་གྲོང་མཛེས་ལྗོངས་ཁུལ་དུ་མཛེས་ལྗོངས་ཁུལ་གྱི་ཁྱད་ལྡན་ཡུལ་སྐོར་གྲུ་གཟིངས་མདུན་དུ་བཟོ་ལྟ་མཛེས་པའི་རི་བོང་གཟུགས་ཀྱི་གློག་སྒྲོན་བཞག་པ་དང་། ཡུལ་སྐོར་བས་གྲུར་བསྡད་དེ་སོས་དལ་བག་ཕེབས་ངང་ངལ་གསོའི་དུས་ཚོད་ལོངས་སུ་སྤྱོད་བཞིན་པ།
↑ཟླ་མཆོད་དུས་ཆེན་གྱི་གུང་གསེང་རིང་མི་རྣམས་ཁྱིམ་ནས་ཐོན་ཏེ་ཕུན་སུམ་ཚོགས་པའི་གུང་གསེང་ལ་རོལ་ཞིང་། འདི་ནི་ཟླ་9ཚེས་17ཉིན། ཧྲང་ཧའེ་ཅིན་ཧྲན་གྲོང་ཁྱེར་གྱི་བྱེ་ཐང་དུ་མི་རྣམས་ཀྱིས་ཟླ་འོད་འོག་པར་རྒྱག་བཞིན་པ།