ཉེ་བའི་ལོ་ཤས་རིང་། ཤིས་ཨན་གྲོང་ཁྱེར་གྱིས་ཡུལ་བབ་དང་བསྟུན་ནས་བེད་མེད་དུ་ལུས་པའི་བཟོ་ལས་ཤུལ་བཞག་དེ་ཐོན་ལས་འཕེལ་རྒྱས་གཞན་སྒྱུར་དང་གྲོང་ཁྱེར་འཕེལ་རྒྱས་གསར་བརྗེས་ཀྱི་ཐོན་ཁུངས་སུ་བསྒྱུར་བར་བྱས་པས་ཤུལ་བཞག་སྲུང་སྐྱོང་དང་གྲོང་ཁྱེར་འཛུགས་སྐྲུན་མཉམ་དུ་སྐུལ་འདེད་ཐུབ་ཡོད། 3511བཟོ་གྲྭ་ནི་དེ་སྔའི་ནུབ་བྱང་དམག་མཁོའི་ཨ་ཅོར་བཟོ་གྲྭ་ཆེ་ཤོས་ཡིན་པ་དང་ཡན་ཐཱ་ཆུས་ཀྱིས་བཟོ་ལས་ཤུལ་བཞག་ལ་བབ་བསྟུན་ཇུས་འགོད་དང་གསར་བརྗེས་བསྐྱར་བཟོ་བྱས་པ་བརྒྱུད་རྒྱལ་སྤྱིའི་མཐོང་རྒྱ་ལྡན་པའི་ཁྲོམ་གཞུང་རྣམ་པའི་རིག་གནས་བསམ་བཀོད་གླིང་བཙུགས་པས་ཁྱད་ལྡན་ཨར་སྐྲུན་གྱི་བར་མཐོངས་དང་གསར་གཏོད་ལས་རྣམ་མཉམ་འདྲེས་ཡག་པོ་ཐུབ་ནས་བཟོ་ལས་ཀྱི་གནའ་ཤུལ་རྙིང་པར་དཔལ་འབྱོར་གྱི་གསོན་ཤུགས་གསར་པ་ཆེན་པོ་མངོན་ཡོད། འདི་ནི་གྲོང་མིས་ཧྲའན་ཤིས་ཞིང་ཆེན་ཤིས་ཨན་གྲོང་ཁྱེར་ཡན་ཐཱ་ཁུལ་གྱི་3511གི་རིག་གནས་བསམ་བཀོད་ཚན་རྩལ་གླིང་དུ་མཚན་ཁྲོམ་སྐོར་བ་དང་། འཆམ་འཆམ་བྱེད་པ། དངོས་ཟོག་ཉོ་བ། ཞིམ་ཟས་ལ་རོལ་བ་བཅས་བྱེད་བཞིན་པ།