ཤིན་ཧྭ་གསར་འགྱུར་ཁང་པེ་ཅིང་ནས་གློག་འཕྲིན་འབྱོར་གསལ། ཚེས་18ཉིན་གསར་འགོད་པར་འགྲིམ་འགྲུལ་སྐྱེལ་འདྲེན་པུའུ་ནས་ཤེས་རྟོགས་བྱུང་བར། འདི་ལོའི་ཟླ་མཆོད་དུས་ཆེན་གྱི་གུང་གསེང(ཟླ་9ཚེས་15ནས་ཚེས་17ཉིན་བར)རིང་སྤྱི་ཚོགས་ཡོངས་ཀྱི་ས་ཁོངས་བསྒྲལ་ནས་འགྲོ་འོང་བྱེད་ཚད་མི་ཐེངས་ཁྲི་62956.4དང་ཉིན་རེར་ཆ་སྙོམས་མི་ཐེངས་ཁྲི་20985.4ཟིན་པ་དེ་2023ལོའི་དུས་མཚུངས་ལས་ཉིན་རེར་ཆ་སྙོམས་31.1%འཕར་ཡོད།
ཞིབ་ཕྲའི་ཆ་ནས་བལྟས་ཚེ། མེ་འཁོར་གྱིས་འགྲུལ་པ་སྐྱེལ་འདྲེན་བྱེད་ཚད་མི་ཐེངས་ཁྲི་4257.3ཟིན་ནས་ཉིན་རེར་ཆ་སྙོམས་མི་ཐེངས་ཁྲི་1419.1ཟིན་པ་དང་། གྲུ་གཟིངས་ཀྱིས་འགྲུལ་པ་སྐྱེལ་འདྲེན་བྱེད་ཚད་མི་ཐེངས་ཁྲི་198.1ཟིན་ནས་ཉིན་རེར་ཆ་སྙོམས་མི་ཐེངས་ཁྲི་66ཟིན་པ། གནམ་གྲུས་འགྲུལ་པ་སྐྱེལ་འདྲེན་བྱེད་ཚད་མི་ཐེངས་ཁྲི་506.9ཟིན་ནས་ཉིན་རེར་ཆ་སྙོམས་མི་ཐེངས་ཁྲི་169ཟིན་ཡོད།
གཞུང་ལམ་ནས་མི་སྣ་འགྲོ་འོང་བྱེད་ཚད་མི་ཐེངས་ཁྲི་57994ཟིན་པ་དང་ཉིན་རེར་ཆ་སྙོམས་མི་ཐེངས་ཁྲི་19331.3ཟིན་ཡོད།
(པད་ཆོས་ཀྱིས་བསྒྱུར། པ་སངས་ཀྱིས་ཞུས)