དུས་ཡུན་ཉིན་5ཡི་ཧྥ་ལན་ཁེ་ཕུའུ་རྒྱལ་སྤྱིའི་རླངས་འཁོར་གྱི་ལྷུ་ལག་དང་དེ་བཞིན་ཕྱིར་འཚོང་ཞབས་ཞུ་འགྲེམས་ཚོགས་ཚེས་10ཉིན་འགོ་ཚུགས་པ་རེད། ཅི་ལི་དང་པི་ཡཱ་ཏི་སོགས་ཀྲུང་གོའི་གློག་སྒུལ་རླངས་འཁོར་མང་པོ་ཞིག་མཉམ་དུ་ཐེངས་དང་པོ་ཞུགས་ཡོད་པས་འཇར་མན་གྱི་སྨྱན་སྦྱོར་དང་ལས་རིགས་ནང་གི་མི་སྣས་ད་ཐེངས་ཀྱི་འགྲེམས་སྟོན་ཐོག་གི་དོ་སྣང་བྱེད་ས་ཡིན་པའི་ངོས་འཛིན་བྱས་ཡོད། འདི་ནི་མི་རྣམས་ཀྱིས་འཇར་མན་གྱི་ཧྥ་ལན་ཁེ་ཕུའུ་རྒྱལ་སྤྱིའི་རླངས་འཁོར་གྱི་ལྷུ་ལག་དང་དེ་བཞིན་ཕྱིར་འཚོང་ཞབས་ཞུའི་འགྲེམས་སྟོན་ཐོག་ཉིང་ཏེ་དུས་རབས་ཀྱི་འགྲེམས་སྟེགས་ལ་ལྟ་སྐོར་བྱེད་བཞིན་པ།