《西藏日报》 《西藏日报藏文版》 《人民日报藏文版》 《西藏商报》 《西藏法制报》 《西藏法制报藏文版》

2024年09月18日

ཟླ་དང་པོ་ནས་བརྒྱད་པའི་བར་རང་རྒྱལ་གྱི་དངོས་ཟོག་ཚོང་དོན་གྱི་ཕྱིར་གཏོང་ནང་འདྲེན་བྱེད་ཚད་6%འཕར་བ།

འགག་སྒོ་སྤྱི་ཁྱབ་ཧྲུའུ་ཡིས་ཁྱབ་བསྒྲགས་བྱས་པའི་གྲངས་གཞི་ལས་མངོན་པར། ཟླ་དང་པོ་ནས་བརྒྱད་པའི་བར་རང་རྒྱལ་གྱི་དངོས་ཟོག་ཚོང་དོན་ཕྱིར་གཏོང་ནང་འདྲེན་གྱི་རིན་ཐང་བསྡོམས་འབོར་མི་དམངས་ཤོག་སྒོར་དུང་ཕྱུར་ཁྲི་28.58ཟིན་པ་དེ་ལོ་གོང་མའི་དུས་མཚུངས་ལས་6%འཕར་ཞིང་། དེའི་ནང་ཕྱིར་གཏོང་བྱེད་ཚད་སྒོར་དུང་ཕྱུར་ཁྲི་16.45ཟིན་ནས་6.9%འཕར་བ་དང་། ནང་འདྲེན་བྱེད་ཚད་སྒོར་དུང་ཕྱུར་ཁྲི་12.13ཟིན་ནས་4.7%འཕར་ཡོད། འདི་ནི་དོས་སྒམ་བྱུར་བུར་བླུགས་པའི་ཕྱི་ཕྱོགས་ཚོང་དོན་གྱི་གྲུ་གཟིངས་ཤིག་ཅང་སུའུ་ཞིང་ཆེན་སུའུ་ཀྲོའུ་གྲུ་ཁ་ནས་ཐོན་བཞིན་པ།