འདི་ག་ཚགས་པར་གྱི་གསར་འགོད་པས།
ཉིན་ཤས་གོང་། མི་དམངས་ཉིན་རེའི་ཚགས་པར་དང་ཙམ་པབ་ཝེའི་སྨྱན་སྦྱོར་གྱི“དུས་རབས་གསར་པའི་ཀྲུང་ཧྥེའི་མཉམ་ལས”ཀྱི་མཉམ་འབྲེལ་བཅར་འདྲི་ཚོགས་པས་ཙམ་པབ་ཝེར་གྲུབ་འབྲས་ཐོབ་པའི་ངང་བཅར་འདྲི་བྱས་པ་དང་། ཙམ་པབ་ཝེའི《སྔོན་བྱོན་པའི་ཚགས་པར》དང་། 《ཉིན་རེའི་གསར་འགྱུར་ཚགས་པར》 zimnowགསར་འགྱུར་དྲ་བ་སོགས་ཙམ་པབ་ཝེའི་གཙོ་རྒྱུན་སྨྱན་སྦྱོར་མང་པོ་ཞིག་གི་གསར་འགོད་པ་བཅར་འདྲིར་ཞུགས་པ་རེད།
ཀྲུང་ཙམ་རྒྱལ་ཁབ་གཉིས་ཀྱི་སྨྱན་སྦྱོར་གྱི་གསར་འགོད་པས་ཀྲུང་གོ་དང་ཙམ་པབ་ཝེའི་ཀྲུང་ལུགས་གསོ་རིག་སྨན་རྫས་ལྟེ་གནས་དང་། ཀྲུང་གོས་རོགས་སྐྲུན་བྱས་པའི་ཙམ་པབ་ཝེའི་གྲོས་ཚོགས་ཀྱི་བ་གམ་གསར་པའི་རྣམ་གྲངས། ཀྲུང་གོའི་ཁེ་ལས་ཀྱིས་སྐྲུན་འགན་འཁུར་བའི་ཉི་ཡ་པི་ལཱ་ཉི་ནུས་འོད་ཤུགས་གློག་ཁང་རྣམ་གྲངས་བཅས་ལ་བཅར་འདྲི་བྱེད་པར་བསྐྱོད་ནས། རྒྱལ་ཁབ་གཉིས་པོའི་སྤུས་ཚད་མཐོ་བའི“རྒྱུད་གཅིག་ལམ་གཅིག”མཉམ་སྐྲུན་ལས་ས་གནས་དེ་གའི་རྨང་གཞིའི་སྒྲིག་བཀོད་ཀྱི་ཆུ་ཚད་མཐོ་རུ་གཏོང་བ་དང་། དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་ལ་སྐུལ་འདེད་གཏོང་བ། དམངས་འཚོའི་བདེ་རྩ་ལེགས་སུ་གཏོང་བ་བཅས་ལ་རམ་འདེགས་བྱས་པའི་གཏམ་རྒྱུད་སྔོག་འདོན་གཏིང་ཟབ་བྱས་ཏེ། ཡི་གེ་དང་། པར་རིས། བརྙན་ལམ་སོགས་བརྒྱུད་ལམ་སྣེ་མང་ལ་བརྟེན་ནས་རྒྱལ་ཁབ་གཉིས་པོའི་དབར་གྱི་དངོས་སྒྲུབ་མཉམ་ལས་ཀྱི་གཡུར་ཟའི་གྲུབ་འབྲས་མངོན་པར་བྱས་ཏེ་ཀྲུང་ཙམ་མཉམ་ལས་ལ་སྐུལ་འདེད་གཏོང་ཆེད་སྨྱན་སྦྱོར་གྱི་སྟོབས་ཤུགས་ལེགས་སྐྱེས་ཕུལ་བ་རེད།