《西藏日报》 《西藏日报藏文版》 《人民日报藏文版》 《西藏商报》 《西藏法制报》 《西藏法制报藏文版》

2024年09月14日

ཆིང་ནུས་རྒྱུའི་རིག་ནུས་ལྕགས་ལམ་གློག་འཁོར་ཕྱིར་གཏོང་བྱས་པ།

⇐ མ་ལེ་ཞི་ཡར་བཟོས་པའི་ཆིང་ནུས་རྒྱུའི་རིག་ནུས་ལྕགས་ལམ་གློག་འཁོར་དུས་མཚམས་ཕྱེ་ནས་རྩིས་སྤྲོད་དང་བེད་སྤྱོད་གཏོང་རྒྱུ་ཡིན་ཞིང་། ཀྲུང་ཁྲེ་ཆིང་ནུས་རྒྱུའི་རིག་ནུས་ལྕགས་ལམ་གློག་འཁོར་38དེ་དག་མ་ལེ་ཞི་ཡའི་ཀུའུ་ཅིན་གྲོང་ཁྱེར་གྱི་འགྲིམ་འགྲུལ་མ་ལག་ཁྲོད་སྤྱད་པ་བརྒྱུད། ས་གནས་དེ་གའི་གྲོང་ཁྱེར་གྱི་སྤྱི་པའི་འགྲིམ་འགྲུལ་དྲ་རྒྱ་ཇེ་ལེགས་སུ་སོང་ནས་ཀུའུ་ཅིན་གྱི་སྤྱི་པའི་འགྲིམ་འགྲུལ་མ་ལག་དེང་རབས་ཅན་དུ་འགྱུར་བར་སྐུལ་འདེད་ཐེབས་རྒྱུ་རེད།

འདི་ནི་སི་ཁྲོན་ཞིང་ཆེན་དབྱི་པིན་གྲོང་ཁྱེར་གཙང་གསུམ་ཁུལ་གསར་དུ་ཡོད་པའི་ཀྲུང་ཁྲེ་ལྕགས་ལམ་མ་འཇོག་འཁོར་ལམ་འགྲིམ་འགྲུལ་ཐོན་ལས་རྟེན་གཞིས་མ་ལེ་ཞི་ཡར་བཟོས་པའི་ཆིང་ནུས་རྒྱུའི་རིག་ནུས་ལྕགས་ལམ་གློག་འཁོར་སྒྲིག་སྦྱོར་དང་བྱེད་ནུས་ཁག་ཚོད་ལྟ་བྱེད་བཞིན་པ།