《西藏日报》 《西藏日报藏文版》 《人民日报藏文版》 《西藏商报》 《西藏法制报》 《西藏法制报藏文版》

2024年09月13日

གོ་ལ་ཧྲིལ་པོའི་སྤྱི་པའི་བདེ་འཇགས་མཉམ་ལས་གླེང་སྟེགས(ལན་ཡུན་ཀང)ཀྱི་2024ལོའི་ཚོགས་ཆེན་འཚོགས་པ།

འདི་ག་ཚགས་པར་ཁང་དུ་ནན་ཅིང་ནས་གློག་འཕྲིན་འབྱོར་གསལ། ཉིན་ཤས་གོང་གོ་ལ་ཧྲིལ་པོའི་སྤྱི་པའི་བདེ་འཇགས་མཉམ་ལས་གླེང་སྟེགས(ལན་ཡུན་ཀང)ཀྱི་2024ལོའི་ཚོགས་ཆེན་ཅང་སུའུ་ལན་ཡུན་ཀང་རུ་འཚོགས་ཤིང་། རྒྱལ་དོན་ཨུ་ཡོན་དང་སྤྱི་བདེ་པུའི་པུའུ་ཀྲང་ཝང་ཞའོ་ཧུང་ཚོགས་འདུར་ཞུགས་པ་དང་འབྲེལ་གཙོ་དོན་གཏམ་བཤད་ཀྱང་སྤེལ་བ་རེད།

ཝང་ཞའོ་ཧུང་གིས་བསྟན་དོན། འདས་ཟིན་པའི་ལོ་གཅིག་ནང་ཀྲུང་གོ་ཕྱོགས་ཀྱིས་ཕྱོགས་ཁག་དང་མཉམ་དུ་གོ་ལ་ཧྲིལ་པོའི་བདེ་འཇགས་གྲོས་འགོ་ལག་བསྟར་གཏིང་ཟབ་བྱེད་པ་དང་། མཉམ་ལས་དང་། གསར་གཏོད། ཁྲིམས་སྐྱོང་། གཉིས་ཁེ་བཅས་ཀྱི་དར་ཆ་མཐོན་པོར་སྒྲེང་བ། གོ་ལ་ཧྲིལ་པོའི་སྤྱི་པའི་བདེ་འཇགས་ཀྱི་གཅིག་མཐུན་ཚོགས་པ་འཛུགས་རྒྱུར་གཞོལ་བ། བདེ་འཇགས་འདུ་ཤེས་སྦྲེལ་མཐུད་དང་ཁེ་ཕན་མཉམ་འདྲེས་ལ་སྐུལ་འདེད་ཧུར་ཐག་གཏོང་བ། གླེང་སྟེགས་འཛུགས་སྐྲུན་ལ་ཕན་འབྲས་མངོན་གསལ་དོད་པོ་ཐོབ་རྒྱུར་སྐུལ་འདེད་གཏོང་བ་བཅས་བྱས་ནས་གོ་ལ་ཧྲིལ་པོའི་སྤྱི་པའི་བདེ་འཇགས་མཉམ་ལས་རྒྱུན་མཐུད་གཏིང་ཟབ་ཕྱོགས་སུ་འཕེལ་རྒྱས་འགྲོ་རྒྱུར་སྐུལ་འདེད་བཏང་ཡོད།

ཝང་ཞའོ་ཧུང་གིས་བསྟན་དོན། འཛམ་གླིང་གི་འགྱུར་ལྡོག་དང་། དུས་རབས་ཀྱི་འགྱུར་ལྡོག ལོ་རྒྱུས་ཀྱི་འགྱུར་ལྡོག་བཅས་ཀྱི་མདུན་དུ་ཀྲུང་གོ་ཕྱོགས་ཀྱིས་འཛམ་གླིང་རྒྱལ་ཁབ་ཁག་དང་མཉམ་དུ་ལག་གདང་སྦྲེལ་ནས་ཐུན་མོང་དང་། ཕྱོགས་བསྡུས། མཉམ་ལས། རྒྱུན་མཐུད་ཆོག་པ་བཅས་ཀྱི་བདེ་འཇགས་ལྟ་བ་ལག་ལེན་བསྟར་བ་དང་། ཕན་ཚུན་བརྩི་འཇོག་དང་། ཕྱོགས་བསྡུས་ཇུས་བསྟར། མཉམ་ལས་གཉིས་ཁེ། སྙིང་རུས་གཏན་འཁྱོངས་བཅས་ལ་སྣང་ཆེན་བྱེད་པ། སྤྱི་པའི་བདེ་འཇགས་ཁྱབ་ཁོངས་ཀྱི་སྤེལ་རེས་མཉམ་ལས་བྱེད་ཟབ་ཏུ་གཏོང་བ། འགན་འཁྲིའི་གཅིག་མཐུན་ཚོགས་པ་དང་། ཁེ་ཕན་གྱི་གཅིག་མཐུན་ཚོགས་པ། ལས་དབང་གཅིག་མཐུན་ཚོགས་པ་བཅས་རྒྱུན་མཐུད་བཙུགས་ནས། གོ་ལ་ཧྲིལ་པོའི་སྤྱི་པའི་བདེ་འཇགས་བཅོས་སྐྱོང་མ་ལག་དེ་བས་གཞུང་དྲང་དང་། ལུགས་མཐུན། ནུས་ཆེ་བཅས་ཀྱི་ཕྱོགས་སུ་འཕེལ་རྒྱས་འགྲོ་རྒྱུར་ཐུན་མོང་ཐོག་སྐུལ་འདེད་གཏོང་འདོད་ཡོད། ཀྲུང་གོ་ཕྱོགས་ཀྱིས་ཏན་ཏིག་གི་བྱ་སྤྱོད་ལ་བརྟེན་ནས་གོ་ལ་ཧྲིལ་པོའི་སྤྱི་པའི་བདེ་འཇགས་བཅོས་སྐྱོང་ཆེད་ཀྲུང་གོའི་བློ་གྲོས་དང་སྟོབས་ཤུགས་ལེགས་སྐྱེས་སུ་འབུལ་རྒྱུ་ཡིན།

རྒྱལ་སྤྱིའི་ཉེས་དོན་ཉེན་རྟོག་རྩ་འཛུགས་ཀྱི་ཀྲུའུ་ཞི་ཨར་ལ་སི་ཡིས་ཤིས་ཚིག་བསྒྲོན་པ་དང་། མ་ལེ་ཞི་ཡའི་ཙུང་ལི་གཞོན་པ་ཀྲ་ཤིས་ཏེ་དང་སར་པི་ཡའི་ཙུང་ཞི་གཞོན་པ་དང་ནང་སྲིད་པུའུ་ཀྲང་གཅིག་ལྕོགས་རྡ་ཆི་ཆི་དང་འབྲེལ་ཡོད་སྐུ་མགྲོན་ཚོས་གཏམ་བཤད་སྤེལ་བ་རེད། ད་ཐེངས་ཚོགས་ཆེན་གྱི་བརྗོད་དོན་གཙོ་བོ་ནི“འགྱུར་ལྡོག་ཁྲོད་མཉམ་ལས་གཉིས་ཁེ་ཡོང་བ་བྱས་ནས་གོ་ལ་ཧྲིལ་པོའི་སྤྱི་པའི་བདེ་འཇགས་ཀྱི་གཅིག་མཐུན་ཚོགས་པ་བཏོད་པ”དེ་ཡིན།

(མཚམས་གཅོད་ཀྱིས་བསྒྱུར། བསྟན་བློས་ཞུས)