《西藏日报》 《西藏日报藏文版》 《人民日报藏文版》 《西藏商报》 《西藏法制报》 《西藏法制报藏文版》

2024年09月13日

ཅང་ཤིས་ཀན་ཀྲོའུ་རུ་རྒྱལ་སྤྱིའི་སྐམ་སའི་གྲུ་ཁས་ཕྱི་ཕྱོགས་ཚོང་དོན་གྱི་འཕར་ཚད་ལ་རམ་འདེགས་བྱས་པ།

ད་ཕན་ལོ་ཤས་རིང་། ཀན་ཀྲོའུ་གྲོང་ཁྱེར་གྱིས་ཀན་ཀྲོའུ་རྒྱལ་སྤྱིའི་སྐམ་སའི་གྲུ་ཁའི“ལྕགས་ལམ་དང་མཚོ་ཐོག་མཉམ་འདྲེན”བྱེད་སྟངས་དང་ལེགས་ཆར་བརྟེན་ནས། རྒྱལ་སྤྱིའི་ཟོག་འགྲེམས་ཞབས་ཞུའི་མ་ལག་བསྐྲུན་རྒྱུ་རྒྱུན་མཐུད་འཐུས་སྒོ་ཚང་དུ་བཏང་ནས“གོ་ལ་ཧྲིལ་པོའི་ཤིང་རྒྱུ་ཉོ་བ་དང་གོ་ལ་ཧྲིལ་པོའི་ཁྱིམ་ཆས་འཚོང་རྒྱུ”རིམ་གྱིས་མངོན་འགྱུར་ཡོང་བ་བྱས་ཏེ། ས་ཁོངས་ཁྱིམ་ཆས་ཁེ་ལས་ཀྱི་མ་བཅོས་རྒྱུ་ཆའི་མཁོ་སྤྲོད་ཐབས་ལམ་རྒྱ་ཆེར་གཏོང་རོགས་བྱས་པས། ཁྱིམ་ཆས་དག་ཀན་ཀྲོའུ་རྒྱལ་སྤྱིའི་སྐམ་སའི་གྲུ་ཁ་བརྒྱུད་རྒྱལ་ཡོངས་ཀྱི་ས་གནས་ཁག་དང་དེ་བཞིན་ཡོ་རོབ་དང་ཨེ་ཤེ་ཡ་དབུས་མ་སོགས་ཀྱི་རྒྱལ་ཁབ་ལ་བཙོངས་ཐུབ་ནས་སྒོ་དབྱེའི་རྣམ་པའི་དཔལ་འབྱོར་སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་སྐུལ་འདེད་གཏོང་རོགས་ནུས་ལྡན་ཐུབ་ཡོད།

འདི་ནི་ཅང་ཤིས་ཞིང་ཆེན་ཀན་ཀྲོའུ་གྲོང་ཁྱེར་ནན་ཁང་ཆུས་ཀྱི་ཀན་ཀྲོའུ་རྒྱལ་སྤྱིའི་སྐམ་སའི་གྲུ་ཁའི་ཟོག་འདྲེན་བྱ་ཡུལ་དུ་དོས་སྒམ་གྲལ་སྟར་འགྲིག་པོས་བསྒྲིགས་ཡོད་པ་དང་ཕྱིར་གཏོང་ནང་འདྲེན་གྱི་དངོས་ཟོག་གོ་རིམ་ལྡན་པའི་ངང་འདོན་འཇུག་བྱེད་བཞིན་པ།