《西藏日报》 《西藏日报藏文版》 《人民日报藏文版》 《西藏商报》 《西藏法制报》 《西藏法制报藏文版》

2024年09月13日

“རྒྱུད་གཅིག་ལམ་གཅིག”གི་ཕུལ་བྱུང་གསོ་རིག་ཤེས་ལྡན་པའི་རྒྱལ་སྤྱིའི་ཞིབ་སྦྱོང་འཛིན་གྲྭ་ནན་ཅིང་དུ་སློབ་འགོ་ཚུགས་པ།

ཉེ་ཆར། “རྒྱུད་གཅིག་ལམ་གཅིག”གི་ཕུལ་བྱུང་གསོ་རིག་ཤེས་ལྡན་པའི་རྒྱལ་སྤྱིའི་ཞིབ་སྦྱོང་འཛིན་གྲྭ་ཅང་སུའུ་ཞིང་ཆེན་མི་དམངས་སྨན་ཁང(ནན་ཅིང་གསོ་རིག་ཚན་རིག་སློབ་ཆེན་གྱི་ཞོར་གཏོགས་སྨན་ཁང་དང་པོ)དུ་སློབ་འགོ་ཚུགས་ཤིང་། ངོ་སྤྲོད་བྱས་པར་གཞིགས་ན། ད་ཐེངས་ཀྱི་ཞིབ་སྦྱོང་འཛིན་གྲྭར་རྒྱལ་ཁབ་15ནས་ཡིན་པའི་སློབ་མ་45འཕྲལ་བཅོས་མྱུར་སྐྱོབ་དང་འཇུ་བྱེད་ཁྱབ་ཁོངས་ཀྱི་གཅིག་སྡུད་གསོ་སྦྱོང་ནང་ཞུགས་པ་དང་། དེ་རྗེས་སློབ་མ་ཁག་གཅིག་གིས་དབུགས་ལམ་སྡེ་ཁག་དང་། སྤྱིར་བཏང་གི་ཕྱི་ནད་སྡེ་ཁག བུད་མེད་དང་བུ་བཙའ་སྡེ་ཁག བྱིས་ནད་སྡེ་ཁག་བཅས་སུ་དུས་ཡུན་ཉིན་90ཡི་ཆེད་ལས་ནད་ཐོག་སྨན་བཅོས་དང་ལྟ་སྦྱོང་དང་ཞིབ་སྦྱོང་བྱེད་སྒོ་མུ་མཐུད་སྤེལ་རྒྱུ་རེད།

འདི་ནི་ཞིབ་སྦྱོང་འཛིན་གྲྭའི་སློབ་མས་ཅང་སུའུ་ཞིང་ཆེན་མི་དམངས་སྨན་ཁང་འཕྲལ་བཅོས་དཔེ་སྟོན་སློབ་ཁང་དུ་སློབ་སྦྱོང་བྱེད་བཞིན་པ།