《西藏日报》 《西藏日报藏文版》 《人民日报藏文版》 《西藏商报》 《西藏法制报》 《西藏法制报藏文版》

2024年09月13日

2027ལོའི་ལོ་མཇུག་ཏུ་སླེབས་སྐབས་རང་རྒྱལ་གྱིས་ཅུང་འཐུས་སྒོ་ཚང་བའི་ཆུའི་ཐོན་ཁུངས་ལྟ་ཞིབ་ཚད་ལེན་མ་ལག་སྤྱིར་ན་བསྐྲུན་རྒྱུ་ཡིན་པ།

འདི་ག་ཚགས་པར་ཁང་དུ་པེ་ཅིང་ནས་ཟླ་9ཚེས་9ཉིན་གློག་འཕྲིན་འབྱོར་གསལ། ཉེ་ཆར། ཆུ་བེད་པུས《རྒྱལ་ཡོངས་ཀྱི་ཆུའི་ཐོན་ཁུངས་ལྟ་ཞིབ་ཚད་ལེན་མ་ལག་བསྐྲུན་པའི་སྤྱིའི་ལས་ཀའི་ཇུས་གཞི(2024—2027ལོ)》(གཤམ་དུ《ཇུས་གཞི》ཞེས་བསྡུ་རྒྱུ)བཀྲམ་པ་རེད། 《ཇུས་གཞིའི》ནང་བླང་བྱ་བཏོན་དོན། 2027ལོའི་ལོ་མཇུག་ཏུ་སླེབས་སྐབས་ཅུང་འཐུས་སྒོ་ཚང་ཞིང་ཆུའི་ཐོན་ཁུངས་ཀྱི་བཙན་ཐབས་འཆུན་འདོམས་ལམ་ལུགས་དང་འཚམ་པའི་ཆུའི་ཐོན་ཁུངས་ལྟ་ཞིབ་ཚད་ལེན་མ་ལག་སྤྱིར་ན་བསྐྲུན་ནས་ཆུའི་ཐོན་ཁུངས་ཀྱི་མདུན་སྣེའི་ཆ་འཕྲིན་འཚོལ་བསྡུ་དང་བརྒྱུད་གཏོང་མ་ལག་དང་དེ་བཞིན་འབྲེལ་མཐུད་དོ་དམ་ལས་སྟེགས་སྤྱིར་ན་འཐུས་སྒོ་ཚང་དུ་གཏོང་བ་དང་། སྲིད་འཛིན་ས་ཁོངས་སྒྲོལ་བ་དང་གལ་ཆེའི་ཚོད་འཛིན་བཅད་ཁ་དང་། ས་འོག་ཆུ། ཆུ་བྲི་ལེན་བྱེད་ས་སོགས་ལྟ་ཞིབ་ཚད་ལེན་གྱི་ཤེས་ཚོར་བྱེད་ནུས་སྔར་བས་ཆེ་རུ་གཏོང་བ། ཆུའི་ཐོན་ཁུངས་ལྟ་ཞིབ་ཚད་ལེན་གྱི་ཆ་འཕྲིན་གཅིག་འདུས་མཉམ་སྤྱོད་ཐུབ་པ། ཆུའི་ཐོན་ཁུངས་དོ་དམ་དང་བཀོད་སྒྲིག་གི“སྔོན་བརྡ་བཞིའི”ནུས་པ་སྔར་བས་ཆེ་རུ་གཏོང་བ། ཆུ་འགོ་ཁག་དང་ཁྱབ་ཁོངས་ཁག་གི་ཆུ་སྤྱོད་གནས་ཚུལ་དེ་བས་དུས་ཐོག་དང་། ཡང་དག ཕྱོགས་ཡོངས་བཅས་ཀྱི་སྒོ་ནས་ཁོང་དུ་ཆུད་པ་བཅས་བྱས་ཏེ། ཆུའི་ཐོན་ཁུངས་ཀྱི་བཙན་ཐབས་འཆུན་འདོམས་ལམ་ལུགས་དོན་འཁྱོལ་ལ་འདེགས་སྐྱོར་ནུས་ལྡན་ཐུབ་པར་བྱེད་དགོས།

《ཇུས་གཞིའི》ནང་བླང་བྱ་བཏོན་དོན། ཆུའི་ཐོན་ཁུངས་ཀྱི་བཙན་ཐབས་འཆུན་འདོམས་ལམ་ལུགས་དོན་འཁྱོལ་ལ་དམ་པོར་དམིགས་ནས་དགོས་མཁོས་སྣེ་ཁྲིད་དང་བེད་སྤྱོད་གཙོ་བོར་འཛིན་རྒྱུ་མཐའ་འཁྱོངས་དང་། ད་ཡོད་ཀྱི་ལས་ཀའི་རྨང་གཞིར་གཞི་ཚུགས་པ། ཐོན་ཁུངས་བསྡུ་སྒྲིལ་དང་ཆ་འཕྲིན་མཉམ་སྤྱོད་བྱེད་ཤུགས་ཆེ་རུ་གཏོང་བ། ལས་ཀའི་མཉམ་ཤུགས་ཆགས་པ། ཆུའི་ཐོན་ཁུངས་དོ་དམ་གྱི་དགོས་མཁོ་སྐོང་རྒྱུ་དམིགས་ཡུལ་དུ་འཛིན་པ། ལྟ་ཞིབ་ཚད་ལེན་གྱི་ཚད་འཇལ་ཁྱབ་རྒྱ་ཆེ་རུ་གཏོང་བ་དང་། ལྟ་ཞིབ་ཚད་ལེན་གྱི་གྲངས་གཞིའི་སྤུས་ཚད་མཐོ་རུ་གཏོང་བ། ལྟ་ཞིབ་ཚད་ལེན་གྱི་ཚད་འཇལ་གྲངས་གཞིའི་གྲུབ་འབྲས་བེད་སྤྱོད་ལ་ཤུགས་སྣོན་རྒྱག་པ་བཅས་གཙོ་བོར་འཛིན་པ་བཅས་བྱས་ནས་འགན་འཁྲི་ཁ་གསལ་དང་། འདེགས་སྐྱོར་ནུས་ལྡན། ལྟ་འདོམས་ནུས་ལྡན་བཅས་ཀྱི་ཆུའི་ཐོན་ཁུངས་ལྟ་ཞིབ་ཚད་ལེན་མ་ལག་འཐུས་སྒོ་ཚང་དུ་གཏོང་དགོས།

(ཚེ་རིང་བུ་ཁྲིད་ཀྱིས་བསྒྱུར། པ་ཚེས་ཞུས)