《西藏日报》 《西藏日报藏文版》 《人民日报藏文版》 《西藏商报》 《西藏法制报》 《西藏法制报藏文版》

2024年09月12日

ཧོ་ནན་ཀྲེང་ཀྲོའུ་རུ་ཟླ་དང་པོ་ནས་བརྒྱད་པའི་བར་ཀྲུང་ཡོའི་དུས་གཏན་མེ་འཁོར་བདེ་འཇགས་དང་བརྟན་པོའི་ངང་བཏང་བ།

འདི་ལོ་ཚུན། ཀྲུང་གོ་ལྕགས་ལམ་ཀྲེང་ཀྲོའུ་ཅུས་ཚོགས་པ་ཚད་ཡོད་ཀུང་སིས་ལྕགས་ལམ་གྱི་ལེགས་ཆ་གང་ལེགས་བཏོན་ཏེ་སྐྱེལ་འདྲེན་སྒྲིག་འཛུགས་ཀྱི་ལས་དོན་རྒྱུན་ཆད་མེད་པར་ལེགས་སུ་གཏོང་བ་དང་། ལྕགས་ལམ་གྱི་རྒྱལ་སྤྱིའི་མཉམ་འདྲེན་བྱེད་ཚད་མགྱོགས་མྱུར་འཕར་ཤུགས་ཆེ་རུ་ཧུར་ཐག་བཏང་ནས། ཀྲུང་ཡོའི་དུས་གཏན་མེ་འཁོར(ཀྲེང་ཀྲོའུ)བདེ་འཇགས་དང་བརྟན་པོའི་ངང་གཏོང་བར་འགན་ལེན་ནུས་ལྡན་བྱས་པ་རེད།

འདི་ནི་ཨང་རྟགས་X8003ཡི་ཀྲུང་ཡོའི་དུས་གཏན་མེ་འཁོར(ཀྲེང་ཀྲོའུ)གྱིས་དངོས་ཟོག་བྱུར་བུར་བླུགས་ཏེ་འཇར་མན་གྱི་གྲོང་ཁྱེར་ཧན་པའོ་ཕྱོགས་སུ་ཐོན་བཞིན་པ།