《西藏日报》 《西藏日报藏文版》 《人民日报藏文版》 《西藏商报》 《西藏法制报》 《西藏法制报藏文版》

2024年09月09日

མཚོ་སྔོན་གྱིས“སྟོན་ཁའི་སློབ་དུས་འགོ་ཚུགས་སྐབས་ཆོས་ལོག་ལ་ངོ་རྒོལ་བྱེད་པའི་རྒྱུན་ཤེས་སློབ་གྲྭར་དྲིལ་བསྒྲགས་བྱེད”ཅེས་པའི་བརྗོད་དོན་གཙོ་བོའི་བྱེད་སྒོ་སྤེལ་བ།

འདི་ག་ཚགས་པར་ཁང་དུ་གནས་ཚུལ་འབྱོར་གསལ། མཚོ་སྔོན་ཉིན་རེའི་ཚགས་པར་ཐོག་གནས་ཚུལ་སྤེལ་བར་གཞིགས་ན། ཉིན་ཤས་བསྟུད་མར་མཚོ་སྔོན་ཞིང་ཨུད་སྲིད་ཁྲིམས་ཨུ་ལྷན་གྱིས་ཟི་ལིང་གྲོང་ཁྱེར་རིག་གནས་ཡུལ་སྐོར་གློག་བརྙན་བརྙན་འཕྲིན་ཅུས་དང་མཉམ་འབྲེལ་ཐོག“སྟོན་ཁའི་སློབ་དུས་འགོ་ཚུགས་སྐབས་ཆོས་ལོག་ལ་ངོ་རྒོལ་བྱེད་པའི་རྒྱུན་ཤེས་སློབ་གྲྭར་དྲིལ་བསྒྲགས་བྱེད”ཅེས་པའི་བརྗོད་དོན་གཙོ་བོའི་བྱེད་སྒོ་སྤེལ་བ་རེད།

ད་ཐེངས་ཀྱི་བརྗོད་དོན་གཙོ་བོའི་བྱེད་སྒོ་དུས་ཐེངས་གཉིས་ལ་དབྱེ་ཡོད་ཅིང་། དུས་ཐེངས་དང་པོར“ཆོས་ལོག་ལ་ངོ་རྒོལ་བྱེད་པའི་རྒྱུན་ཤེས་སློབ་གྲྭར་དྲིལ་བསྒྲགས་བྱེད་པའི་ལོ་ཆུང་བྱིས་པའི་རི་མོ་འབྲི་བའི་བྱེད་སྒོ”དང“ཆོས་ལོག་ལ་ངོ་རྒོལ་བྱེད་པའི་དྲིལ་བསྒྲགས་ཀྱི་བརྗོད་དོན་གཙོ་བོའི་གློག་བརྙན་ལྟ་བའི་བྱེད་སྒོ”ཚུད་ཡོད་པ་དང་། དུས་ཐེངས་གཉིས་པར“ཆོས་ལོག་ལ་ངོ་རྒོལ་བྱེད་པའི་རྒྱུན་ཤེས་སློབ་གྲྭར་དྲིལ་བསྒྲགས་བྱེད་པའི་བརྗོད་དོན་གཙོ་བོའི་འཆད་ཁྲིད་བྱེད་སྒོ”སོགས་བསྣན་ཡོད་པ་རེད།

“ཆོས་ལོག་ལ་ངོ་རྒོལ་བྱེད་པའི་རྒྱུན་ཤེས་སློབ་གྲྭར་དྲིལ་བསྒྲགས་བྱེད་པའི་ལོ་ཆུང་བྱིས་པའི་རི་མོ་འབྲི་བའི་བྱེད་སྒོ”སྤེལ་སྐབས། ལས་དོན་པས་གཞོན་ནུ་ལོ་ཆུང་ལ་ཆོས་ལོག་གི་ངོ་བོ་དང་། ཁྱད་ཆོས། གནོད་སྐྱོན་བཅས་དང་དེ་བཞིན་ཆོས་ལོག་ལ་ངོ་རྒོལ་བྱེད་པའི་འབྲེལ་ཡོད་ཤེས་བྱ་ངོ་སྤྲོད་བྱས་པར་གཞོན་ནུ་ལོ་ཆུང་ཚོས་ཆོས་ལོག་ལ་ངོ་རྒོལ་བྱེད་པའི་རྒྱུན་ཤེས་ལ་རྒྱུས་ལོན་རགས་ཙམ་བྱུང་བ་མ་ཟད། ཁོང་ཚོར་ཆོས་ལོག་སྐོར“མི་ཉན་པ་དང་། མི་ལྟ་བ། མི་སྤེལ་བ། མི་ཞུགས་པ”བཅས་བྱེད་དགོས་པའི་ཁྲིད་སྟོན་ཡང་བྱས་པ་རེད། དེ་རྗེས་རི་མོ་འབྲི་བའི་བྱེད་སྒོར་ཞུགས་མཁན་གཞོན་ནུ་ལོ་ཆུང་ཚོས་ཚོན་ཁྲ་ཅན་གྱི་སྨྱུ་གུ་སྤྱད་དེ་ཆོས་ལོག་ལ་ངོ་རྒོལ་བྱེད་པའི་དྲིལ་བསྒྲགས་རི་མོ་ཞིག་ཐུན་མོང་ཐོག་བྲིས་པ་དང་། སྒྱུ་རྩལ་གྱི་རྣམ་པའི་ཐོག་ནས་ཆོས་ལོག་ལ་ངོ་རྒོལ་བྱེད་པའི་ལྟ་བ་བརྒྱུད་བསྒྲགས་དང་ཆོས་ལོག་ལ་ངོ་རྒོལ་བྱེད་པའི་འདུ་ཤེས་ཟབ་ཏུ་བཏང་སྟེ་ཆོས་ལོག་ལ་ཁ་གཏད་ཡང་དག་གཅོག་པ་དང་འགོག་རྒོལ་བྱེད་པའི་འཇོན་ཐང་ཆེ་རུ་བཏང་བ་རེད།

“ཆོས་ལོག་ལ་ངོ་རྒོལ་བྱེད་པའི་དྲིལ་བསྒྲགས་ཀྱི་བརྗོད་དོན་གཙོ་བོའི་གློག་བརྙན་ལྟ་བའི་བྱེད་སྒོ”སྤེལ་རྗེས་ཚང་མས། གློག་བརྙན་དེར་ཆོས་ལོག་ལ་ངོ་རྒོལ་བྱེད་པར་དྲིལ་བསྒྲགས་སློབ་གསོ་དང་ཉེན་བརྡའི་ནུས་པ་ཧ་ཅང་ཡག་པོ་ལྡན་པ་དང་། ཆོས་ལོག་ལ་ངོ་རྒོལ་བྱེད་པའི་སློབ་གསོའི་སློབ་ཚན་གསོན་ཉམས་དོད་པོ་ཞིག་འཚོགས་སོང་ཞེས་གཅིག་རྗེས་གཉིས་མཐུད་ངང་བཤད་པ་རེད།