《西藏日报》 《西藏日报藏文版》 《人民日报藏文版》 《西藏商报》 《西藏法制报》 《西藏法制报藏文版》

2024年09月09日

“སྐྱེད་མའི་བདེ་ཐང་མྱུར་འཁོར”གྱིས་བུད་མེད་དང་བྱིས་པ་མི་ཐེངས་ཁྲི་8200ལྷག་ཙམ་ལ་ཞབས་འདེགས་ཞུས་པ།

འདི་ག་ཚགས་པར་ཁང་དུ་པེ་ཅིང་ནས་ཟླ་9ཚེས་6ཉིན་གློག་འཕྲིན་འབྱོར་གསལ། གསར་འགོད་པས་ཉེ་ཆར་ཤེས་རྟོགས་བྱས་པར་གཞིགས་ན། མིག་སྔའི་བར“སྐྱེད་མའི་བདེ་ཐང་མྱུར་འཁོར”རྣམ་གྲངས་ཀྱིས་ཞིང་ཆེན་དང་། རང་སྐྱོང་ལྗོངས། གྲོང་ཁྱེར་བཅས་30ལ་སྨན་བཅོས་མྱུར་སྐྱོབ་རླངས་འཁོར་3200ལྷག་ཙམ་ཞལ་འདེབས་ཕུལ་ནས་བུད་མེད་དང་བྱིས་པ་མི་ཐེངས་ཁྲི་8200ལྷག་ཙམ་ལ་ཞབས་འདེགས་ཞུས་པའི་ནང་སྦྲུམ་མ་མི་ཐེངས་ཁྲི་148སྐྱེལ་བསུ་དང་། མི་ཐེངས་ཁྲི་2814ལ་འོས་འགན་སྨན་བཅོས་བློ་འདྲི། མི་ཐེངས་ཁྲི་3741ལ་བདེ་ཐང་ཡོངས་ཁྱབ་བརྟག་དཔྱད། མི་ཐེངས་ཁྲི་1331ལ་བདེ་ཐང་གསོ་སྦྱོང་བཅས་བྱས་ཡོད།

ཤེས་རྟོགས་བྱུང་བར་གཞིགས་ན། ནུབ་རྒྱུད་ཀྱི་འཕེལ་རྒྱས་འགྲོ་འགོར་བའི་ས་ཁུལ་གྱི་སྨན་བཅོས་ཆ་རྐྱེན་སྔར་བས་ལེགས་སུ་གཏོང་ཆེད། རྒྱལ་ཡོངས་བུད་མེད་མཉམ་འབྲེལ་ལྷན་ཚོགས་དང་རྒྱལ་སྲིད་སྤྱི་ཁྱབ་ཁང་བུད་མེད་དང་བྱིས་པའི་ལས་དོན་ཨུ་ལྷན་གཞུང་དོན་ཁང་གི་འགོ་ཁྲིད་དང་རྒྱབ་སྐྱོར་འོག

(པར་ངོས་གཉིས་པར་གཟིགས)(པར་ངོས་དང་པོར་མཐུད) ཀྲུང་གོ་བུད་མེད་འཕེལ་རྒྱས་ཐེབས་རྩ་ལྷན་ཚོགས་ཀྱིས་2003ལོར“སྐྱེད་མའི་བདེ་ཐང་མྱུར་འཁོར”རྣམ་གྲངས་སྤེལ་འགོ་ཚུགས་པ་རེད། རྣམ་གྲངས་ལག་ལེན་བསྟར་ནས་ལོ་20ལྷག་ཙམ་ནང་གྲོང་གསེབ་དང་། སྡེ་ཁུལ། སློབ་གྲྭ་སོགས་སུ་བསྐྱོད་དེ་འཕེལ་རྒྱས་འགྲོ་འགོར་བའི་ས་ཁུལ་གྱི་བུད་མེད་དང་བྱིས་པ་དང་དེ་བཞིན་ཁྱིམ་ཚང་ལ་འོས་འགན་སྨན་བཅོས་ཀྱི་བློ་འདྲི་དང་། བདེ་ཐང་སློབ་གསོ། “སྐྲན་ནད་གཉིས”བརྟག་དཔྱད། གཞི་རིམ་གྱི་སྨན་པ་གསོ་སྦྱོང་སོགས་རྣམ་པ་སྣ་ཚོགས་ཀྱི་བདེ་ཐང་ཞབས་ཞུ་བསྒྲུབས་ནས་བུད་མེད་ཀྱི་ནད་ཕོག་ཚད་དང་སྦྲུམ་མ་དང་ཕྲུ་གུ་དམར་འབྱར་ཤི་ཚད་ཉུང་དུ་གཏོང་བ་དང་འཕེལ་རྒྱས་འགྲོ་འགོར་བའི་ས་ཁུལ་གྱི་བུད་མེད་ཀྱི་འཚོ་བའི་སྤུས་ཚད་མཐོ་རུ་གཏོང་བ་སོགས་ལ་དགེ་མཚན་ལྡན་པའི་ནུས་པ་བཏོན་ཡོད། (པ་སངས་སྒྲོན་ལགས་ཀྱིས་བསྒྱུར། ལྷག་པ་ཚེ་རིང་གིས་ཞུས)