《西藏日报》 《西藏日报藏文版》 《人民日报藏文版》 《西藏商报》 《西藏法制报》 《西藏法制报藏文版》

2024年09月07日

ཞི་ཅིན་ཕིང་གིས་སོ་ཐོ་མེ་དང་ཕུ་རིན་སི་ཕེའི་ཙུང་ལི་ཐེ་ལུའོ་ཝ་ཏཱ་དང་མཇལ་འཛོམས་གནང་བ།

ཤིན་ཧྭ་གསར་འགྱུར་ཁང་པེ་ཅིང་ནས་ཟླ་9ཚེས་5ཉིན་གློག་འཕྲིན་འབྱོར་གསལ། ཟླ་9ཚེས་5ཉིན་གྱི་ཕྱི་དྲོར། རྒྱལ་ཁབ་ཀྱི་ཀྲུའུ་ཞི་ཞི་ཅིན་ཕིང་གིས་པེ་ཅིང་མི་དམངས་ཚོགས་ཁང་ཆེ་མོར་ཀྲུང་གོར་ཀྲུང་ཧྥེའི་མཉམ་ལས་གླེང་སྟེགས་པེ་ཅིང་དབུ་ཚོགས་ལ་ཕེབས་པ་དང་དངོས་གཞིའི་འཚམས་འདྲི་གནང་མཁན་སོ་ཐོ་མེ་དང་ཕུ་རིན་སི་ཕེའི་ཙུང་ལི་ཐེ་ལུའོ་ཝ་ཏཱ་དང་མཇལ་འཛོམས་གནང་བ་རེད། རྒྱལ་ཁབ་གཉིས་པོའི་དབུ་ཁྲིད་ཀྱིས་ཕྱོགས་གཉིས་པོའི་འབྲེལ་བ་དེ་འཐབ་ཇུས་རོགས་ཟླའི་འབྲེལ་བར་རིམ་སྤོར་བྱ་རྒྱུའི་ཁྱབ་བསྒྲགས་གནང་བ་རེད།

ཞི་ཅིན་ཕིང་གིས་གསུངས་དོན། ཉེ་བའི་ལོ་ཤས་རིང་། ཀྲུང་གོ་དང་སོ་ཐོ་མེ་དང་ཕུ་རིན་སི་ཕེའི་དབར་གྱི་འབྲེལ་བའི་འཕེལ་ཕྱོགས་བཟང་པོ་རྒྱུན་འཁྱོངས་ཐུབ་པ་དང་། རྒྱལ་ཁབ་གཉིས་པོའི་ཁྱབ་ཁོངས་ཁག་གི་དངོས་སྒྲུབ་མཉམ་ལས་ལ་གཡུར་ཟའི་གྲུབ་འབྲས་ཐོབ་ཡོད། སོ་ཐོ་མེ་དང་ཕུ་རིན་སི་ཕེ་སླར་ཡང་ཀྲུང་ཧྥེའི་མཛའ་མཐུན་མཉམ་ལས་ཀྱི་ཁྱིམ་ཚང་ཆེན་པོར་བསྐྱར་དུ་ལོག་པ་དེ་ནི་རྒྱལ་ཁབ་གཉིས་པོའི་མི་དམངས་ཀྱི་ཐུན་མོང་ཁེ་ཕན་དང་རྦད་དེ་མཐུན་པ་དོན་དངོས་ལས་ར་སྤྲོད་བྱུང་ཡོད། ཀྲུང་གོ་ཕྱོགས་ནས་སོ་ཐོ་མེ་དང་ཕུ་རིན་སི་ཕེས་རྒྱལ་ཁབ་ཀྱི་འཛུགས་སྐྲུན་དང་དཔལ་འབྱོར་འཕེལ་རྒྱས་ལ་སྐུལ་འདེད་གཏོང་བའི་ཐད་ཀྱི་འབད་བརྩོན་ལ་སྔར་རྒྱུན་བཞིན་རྒྱབ་སྐྱོར་བྱ་རྒྱུ་དང་། (པར་ངོས་གཉིས་པར་གཟིགས)(པར་ངོས་དང་པོར་མཐུད) སོ་ཐོ་མེ་དང་ཕུ་རིན་སི་ཕེ་ཕྱོགས་དང་མཉམ་དུ་ད་ཐེངས་ཀྱི་ཀྲུང་ཧྥེའི་མཉམ་ལས་གླེང་སྟེགས་པེ་ཅིང་དབུ་ཚོགས་ཀྱི་གྲུབ་འབྲས་དོན་འཁྱོལ་ཧུར་ཐག་བྱས་ནས་རྒྱལ་ཁབ་གཉིས་པོའི་འཐབ་ཇུས་རོགས་ཟླའི་འབྲེལ་བས་མི་དམངས་ལ་བདེ་སྐྱིད་སྔར་ལས་ལྷག་པ་བསྐྲུན་རྒྱུར་སྐུལ་འདེད་གཏོང་འདོད་ཡོད།

ཐེ་ལུའོ་ཝ་ཏཱ་ཡིས་གསུངས་དོན། ཀྲུང་གོར་ག་དུས་སླེབས་རུང་རང་ཡུལ་དུ་ལོག་པ་ལྟ་བུའི་ཚོར་སྣང་ཡོང་གི་འདུག ཀྲུང་གོ་ཕྱོགས་ཀྱིས་སོ་ཐོ་མེ་དང་ཕུ་རིན་སི་ཕེའི་དཔལ་འབྱོར་འཕེལ་རྒྱས་ལ་རྩ་ཆེའི་རོགས་རམ་གནང་བར་ཐུགས་རྗེ་ཆེ་ཞུ་རྒྱུ་དང་ལྷག་པར་དུ་དེ་རིང་སྔ་དྲོ་ཀྲུའུ་ཞི་ཞི་ཅིན་ཕིང་གིས་ཀྲུང་ཧྥེའི་མཉམ་ལས་གླེང་སྟེགས་ཀྱི་འགོ་ཚུགས་མཛད་སྒོའི་ཐོག་ཁྱབ་བསྒྲགས་གནང་བའི་བྱ་ཐབས་གསར་པས་སོ་ཐོ་མེ་དང་ཕུ་རིན་སི་ཕེ་དང་ཨ་ཧྥེ་རི་ཁའི་འཕེལ་རྒྱས་ལ་སྐུལ་འདེད་ནུས་ལྡན་ཐེབས་རྒྱུ་རེད། སོ་ཐོ་མེ་དང་ཕུ་རིན་སི་ཕེ་ཕྱོགས་ཀྱིས་ཀྲུའུ་ཞི་ཞི་ཅིན་ཕིང་གིས་བཏོན་གནང་བའི་མིའི་རིགས་ཀྱི་ལས་དབང་གཅིག་མཐུན་ཚོགས་པ་འཛུགས་པ་སོགས་ཀྱི་འདུ་ཤེས་དང་གྲོས་འགོ་གལ་ཆེན་ལ་བསྔགས་བརྗོད་ཆེན་པོ་བྱེད་ཀྱི་ཡོད་ལ་ཀྲུང་གོ་གཅིག་གི་རྩ་དོན་བརྟན་པོར་སྲུང་བཞིན་ཡོད། རྒྱལ་ཁབ་གཉིས་པོའི་དབར་གྱི་ཆབ་སྲིད་ཐད་ཀྱི་ཡིད་ཆེས་སྔར་བས་ཟབ་ཏུ་དང་རོགས་ཟླའི་འབྲེལ་བ་ཟབ་ཏུ་བཏང་སྟེ་སོ་ཐོ་མེ་དང་ཕུ་རིན་སི་ཕེའི་དཔལ་འབྱོར་ཡུན་རིང་འཕེལ་རྒྱས་འགྲོ་བར་སྲ་ཞིང་བརྟན་པའི་འགན་སྲུང་བྱེད་པའི་རེ་བ་ཡོད།

(ཚེ་བརྟན་སྒྲོལ་དཀར་གྱིས་སྒྱུར་ཞུས་བྱས)