《西藏日报》 《西藏日报藏文版》 《人民日报藏文版》 《西藏商报》 《西藏法制报》 《西藏法制报藏文版》

2024年09月07日

ཞི་ཅིན་ཕིང་གིས་ན་སྨི་པི་ཡའི་ཙུང་ཐུང་མུའུ་པེན་པཱ་དང་མཇལ་འཛོམས་གནང་བ།

ཤིན་ཧྭ་གསར་འགྱུར་ཁང་པེ་ཅིང་ནས་ཟླ་9ཚེས་5ཉིན་གློག་འཕྲིན་འབྱོར་གསལ། ཟླ་9ཚེས་5ཉིན་གྱི་ཕྱི་དྲོར། རྒྱལ་ཁབ་ཀྱི་ཀྲུའུ་ཞི་ཞི་ཅིན་ཕིང་གིས་པེ་ཅིང་མི་དམངས་ཚོགས་ཁང་ཆེ་མོར་ཀྲུང་གོར་ཀྲུང་ཧྥེའི་མཉམ་ལས་གླེང་སྟེགས་པེ་ཅིང་དབུ་ཚོགས་ལ་ཕེབས་པའི་ན་སྨི་པི་ཡའི་ཙུང་ཐུང་མུའུ་པེན་པཱ་དང་མཇལ་འཛོམས་གནང་བ་རེད།   (པར་ངོས་བཞི་པར་གཟིགས)(པར་ངོས་དང་པོར་མཐུད)

ཞི་ཅིན་ཕིང་གིས་ད་ཐེངས་མུའུ་པེན་པཱས་ཀྲུང་ཧྥེའི་མཉམ་ལས་གླེང་སྟེགས་པེ་ཅིང་དབུ་ཚོགས་ཐུགས་གྲ་ལེགས་འགྲིག་ཡོང་བར་ལེགས་སྐྱེས་ཧུར་ཐག་ཕུལ་བར་བསྔགས་བརྗོད་གནང་བ་དང་འབྲེལ། ད་ཐེངས་ཀྱི་དབུ་ཚོགས་ཐོག་ནས་ཀྲུང་ཧྥེས་ལག་གདང་སྦྲེལ་ཏེ་དེང་རབས་ཅན་ལ་སྐུལ་འདེད་གཏོང་བའི་ཆོད་སེམས་བརྟན་པོ་མངོན་པ་དང་། ཀྲུང་གོ་ཕྱོགས་ཀྱིས་ན་སྨི་པི་ཡ་སོགས་ཨ་ཧྥེ་རི་ཁའི་རྒྱལ་ཁབ་དང་མཉམ་དུ་དབུ་ཚོགས་ཀྱི་གྲུབ་འབྲས་ཁག་ཕྱོགས་ཡོངས་ནས་དོན་འཁྱོལ་བྱེད་པ་དང་ཐུན་མོང་ཐོག་འཕེལ་རྒྱས་དང་དར་རྒྱས་ཡོང་རྒྱུར་སྐུལ་འདེད་བཏང་སྟེ། ཆུ་ཚད་མཐོ་བའི་ཀྲུང་ཧྥེའི་ལས་དབང་གཅིག་མཐུན་ཚོགས་པ་ཐུན་མོང་ཐོག་འཛུགས་འདོད་ཡོད་ཅེས་གསུངས་པ་རེད།   

ཞི་ཅིན་ཕིང་གིས་ནན་བཤད་གནང་དོན། ཀྲུང་གོའི་ཁེ་ལས་ན་སྨི་པི་ཡར་མ་འཇོག་ལས་གཏོད་བྱེད་པར་འགྲོ་རྒྱུར་ཀྲུང་གོ་ཕྱོགས་ཀྱིས་ལྕག་སྐུལ་བྱ་རྒྱུ་དང་། ན་སྨི་པི་ཡ་ཕྱོགས་ཀྱིས་མུ་མཐུད་དུ་འབྲེལ་ཡོད་ཀྱི་སྟབས་བདེ་བསྐྲུན་རྒྱུ་དང་རྒྱབ་སྐྱོར་བྱ་རྒྱུའི་རེ་བ་ཡོད། ན་སྨི་པི་ཡས་མཉམ་འབྲེལ་རྒྱལ་ཚོགས་ཀྱི་འབྱུང་འགྱུར་དབུ་ཚོགས་ཀྱི་ཐུན་མོང་མཐུན་སྦྱོར་རྒྱལ་ཁབ་ཀྱི་འགན་འཁུར་རྒྱུར་ཀྲུང་གོ་ཕྱོགས་ཀྱིས་རྒྱབ་སྐྱོར་བྱ་རྒྱུ་ཡིན་ལ། ན་སྨི་པི་ཡ་ཕྱོགས་དང་མཉམ་དུ་ཕྱོགས་མང་འཐབ་ཇུས་མཉམ་ལས་ལ་ཤུགས་སྣོན་རྒྱག་པ་དང་གོ་ལ་ཧྲིལ་པོའི་ལྷོ་ཕྱོགས་སྟོབས་ཤུགས་མུ་མཐུད་སྲ་བརྟན་དང་སྟོབས་ཆེར་བཏང་སྟེ། མིའི་རིགས་ཀྱི་ལས་དབང་གཅིག་མཐུན་ཚོགས་པ་འཛུགས་ཆེད་སྟོབས་ཤུགས་སྐྱེས་སུ་འབུལ་འདོད་ཡོད།   མུའུ་པེན་པཱས་གསུངས་དོན། ན་སྨི་པི་ཡ་ཕྱོགས་ཀྱིས་ཐེངས་འདིའི་དབུ་ཚོགས་ཀྱི་གྲུབ་འབྲས་ཕྱོགས་ཡོངས་ནས་དོན་འཁྱོལ་ནན་ཏན་བྱས་ཏེ་ཀྲུང་གོ་ཕྱོགས་དང་སྤེལ་རེས་དམ་ཟབ་བྱས་ནས་ཞིང་ལས་དང་། གཏེར་ཐོན། རྨང་གཞིའི་སྒྲིག་བཀོད། ནུས་རྒྱུ་གཙང་མ། འཇིག་རྟེན་འཕུར་སྐྱོད་དང་མཁའ་འགྲུལ་སོགས་ཁྱབ་ཁོངས་ཀྱི་མཉམ་ལས་ལ་ཤུགས་སྣོན་རྒྱག་རྒྱུ་ཡིན། ན་སྨི་པི་ཡ་ཕྱོགས་ཀྱིས་ཀྲུང་གོ་གཅིག་གི་སྲིད་ཇུས་ལག་ལེན་མཐའ་གཅིག་ཏུ་བསྟར་བ་དང་། ཀྲུང་གོས་རྒྱལ་ཁབ་ཀྱི་མངའ་ཁོངས་ཆ་ཚང་སྲུང་སྐྱོང་བྱ་རྒྱུར་རྒྱབ་སྐྱོར་མཐའ་གཅིག་ཏུ་བྱེད་པ། ཀྲུང་གོས་གྲུབ་འབྲས་ཐོབ་པའི་ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་ཀྱི་འགྲོ་ལམ་ཐོག་བསྐྱོད་རྒྱུ་མཐའ་འཁྱོངས་བྱེད་པར་རྒྱབ་སྐྱོར་མཐའ་གཅིག་ཏུ་བྱེད་པ། ཀྲུའུ་ཞི་ཞི་ཅིན་ཕིང་གིས་བཏོན་གནང་བའི་གོ་ལ་ཧྲིལ་པོའི་གྲོས་འགོ་རབ་དང་རིམ་པར་རྒྱབ་སྐྱོར་བཅས་བྱ་རྒྱུ་ཡིན་ལ། དེ་འཛམ་གླིང་ཞི་བདེ་དང་དེང་རབས་ཅན་མངོན་འགྱུར་བྱ་རྒྱུར་ཕན་ཐོགས་ཡོད།