《西藏日报》 《西藏日报藏文版》 《人民日报藏文版》 《西藏商报》 《西藏法制报》 《西藏法制报藏文版》

2024年09月04日

པར་རིས་གསར་འགྱུར།

ཟླ་8པའི་བར་ནང་སོག་རང་སྐྱོང་ལྗོངས་ཧོ་ཐའོ་གཤོངས་སའི་མ་བཅོས་རྡོ་སྣུམ་ཐོན་ཚད་བསྡོམས་འབོར་ཏུན་ཁྲི་300ལས་བརྒལ་ནས་ཏུན་ཁྲི་306.78ཟིན་ཡོད། ཧོ་ཐའོ་གཤོངས་སའི་ཐོན་མཐོའི་བཟོ་ལས་སྣུམ་ཁྲོན་དང་པོ་དེ་2018ལོའི་ཟླ་8པར་གསོར་འབིགས་རྩད་ཞིབ་ཐུབ་ཚུན་རྡོ་སྣུམ་རྩད་ཞིབ་ཆུ་ཚད་མགྱོགས་མྱུར་མཐོ་རུ་ཕྱིན་པ་དང་མ་བཅོས་རྡོ་སྣུམ་གསར་སྤེལ་ནུས་པ་བརྟན་པོའི་ངང་ཆེ་རུ་ཕྱིན་ཡོད་པ་རེད། ཧོ་ཐའོ་གཤོངས་སར་གནས་པའི་པ་ཡན་སྣུམ་ཞིང་གིས་གཏིང་ཧ་ཅང་ཟབ་པའི་ཁྲོན་པ་བདེ་འཇགས་ངང་གསོར་འབིགས་བྱེད་པའི་ལག་རྩལ་གྱི་འགག་གནད་མྱུར་པོ་བསྒྲལ་ཏེ་ཧོ་ཐའོ་གཤོངས་སའི་གཏིང་ཧ་ཅང་ཟབ་པའི་གྲམ་ཧྲུག་བྲག་རྡོ་རྩད་ཞིབ་ཐད་འཕེལ་རིམ་གལ་ཆེན་བྱུང་ནས་ནུས་ཆེའི་སྣུམ་ཁྲོན་སྔོག་རྒྱུར་རྨང་གཞི་བརྟན་པོ་བཏིང་ཡོད་པ་རེད། འདི་ནི་པ་ཡན་སྣུམ་ཞིང་དུ་སྣུམ་ཁྲོན་འདྲུ་བཞིན་པ།