ཉེ་བའི་ལོ་ཤས་རིང་ཧུའུ་པེ་ཞིང་ཆེན་ཤང་དབྱང་གྲོང་ཁྱེར་གྱི་བོད་སྐྱོར་ལས་དོན་རུ་ཁག་གི་རོགས་རམ་འོག་བོད་ལྗོངས་ལྷོ་ཁ་གྲོང་ཁྱེར་འཕྱོངས་རྒྱས་རྫོང་རྒྱལ་སྨན་ཤང་གིས“ཏང་ཀྲི་པུའུ་དང་མཉམ་ལས་ཁང་ཟུང་དུ་སྦྲེལ་བའི”འཕེལ་རྒྱས་གཏོང་སྟངས་འཚོལ་ཞིབ་ཧུར་ཐག་བྱས་ཤིང་། དེ་ཡང་གྲོང་ཚོའི་ཏང་ཀྲི་པུས་གཙོ་ཁྲིད་དང་མཉམ་ལས་ཁང་གིས་རང་འགུལ་ངང་གཉེར་སྐྱོང་བྱས་པའི་སའེ་ལུང་ཞིང་འབྲོག་ཐོན་རྫས་ཆེད་ལས་མཉམ་ལས་ཁང་བཙུགས་ནས་ཞིང་ཞོར་ཐོན་རྫས་ལས་སྣོན་ཞིབ་ཚགས་དང་ཕྱིར་ཚོང་གཉེར་སྐྱོང་སོགས་གཙོ་བོར་བྱེད་ཀྱི་ཡོད། ཤང་དབྱང་གྲོང་ཁྱེར་གྱི་བོད་སྐྱོར་ལས་དོན་རུ་ཁག་གིས་བོད་ལྗོངས་ལྷོ་ཁ་གྲོང་ཁྱེར་འཕྱོངས་རྒྱས་རྫོང་རྒྱལ་སྨན་ཤང་གིས་པ་ཏྲ་ཡེ་སྤུས་ལེགས་ཞོའི་སྤུས་རྟགས་རྒྱ་སྟོབས་ཆེ་རུ་གཏོང་རོགས་བྱས་པ་སྟེ། ཞོ་སྙོལ་བའི་སྒྲིག་ཆས་ཉོས་པ་དང་། མཐའ་འཁོར་གྲོང་མིས་ཞོ་སོས་པ་འཚོང་བར་སྐུལ་ཁྲིད་བྱས་ནས་ཕྱུག་འགྱུར་གྱི་ཐབས་ལམ་རྒྱ་ཆེར་བཏང་ཡོད།