《西藏日报》 《西藏日报藏文版》 《人民日报藏文版》 《西藏商报》 《西藏法制报》 《西藏法制报藏文版》

2024年07月27日

མཚོ་སྔོན་དུ་ཟླ་དྲུག་པར་ནུས་རྒྱུ་གཙང་མའི་གློག་གཏོང་ཚད་ཆན་ཝ་ཆུ་ཚོད་དུང་ཕྱུར་བརྒྱ་ལྷག་ཙམ་ཟིན་པ།

ཤིན་ཧྭ་གསར་འགྱུར་ཁང་ཟི་ལིང་ནས་ཟླ་7ཚེས་25ཉིན་གློག་འཕྲིན་འབྱོར་གསལ། གསར་འགོད་པས་རྒྱལ་ཁབ་གློག་དྲ་མཚོ་སྔོན་ཞིང་ཆེན་གློག་ཤུགས་ཀུང་སི་ནས་ཤེས་རྟོགས་བྱས་པར་གཞིགས་ན། ཟླ་6པར་མཚོ་སྔོན་གློག་དྲའི་ཟླ་རེའི་གློག་གཏོང་ཚད་ཆན་ཝ་ཆུ་ཚོད་དུང་ཕྱུར་104.97ཟིན་པ་དང་ནུས་རྒྱུ་གཙང་མའི་ཟླ་རེའི་གློག་གཏོང་ཚད་ཆུ་ཚོད་རེར་ཆན་ཝ་དུང་ཕྱུར་100.58ཟིན་ཏེ་དམིགས་ཚད་དེ་གཉིས་ལོ་རྒྱུས་ཐོག་ཆན་ཝ་ཆུ་ཚོད་དུང་ཕྱུར་100ལས་ཐོག་མར་བརྒལ་བ་དང་ནུས་རྒྱུ་གཙང་མའི་གློག་གཏོང་ཚད་ཀྱིས་95.82%བཟུང་ནས་རྒྱལ་ཡོངས་ཀྱི་སྔོན་ཐོན་ཆུ་ཚད་དུ་སླེབས་ཡོད།

མཚོ་སྔོན་ནི་ནུས་རྒྱུ་གཙང་མའི་ཞིང་ཆེན་ཆེན་པོ་ཞིག་ཡིན་པས་ནུས་རྒྱུ་གཙང་མའི་ཐོན་ཁུངས་ལ་ཐུན་མོང་མ་ཡིན་པའི་ལེགས་ཆ་ལྡན་ཡོད། ཟླ་6ཚེས་30ཉིན་བར། མཚོ་སྔོན་གློག་དྲའི་སྒྲིག་སྦྱོར་འཕྲུལ་འཁོར་ནས་གློག་གཏོང་ཚད་ཆན་ཝ་ཁྲི་5772.86ཟིན་པ་ལས་ནུས་རྒྱུ་གཙང་མའི་སྒྲིག་སྦྱོར་འཕྲུལ་འཁོར་ནས་གློག་གཏོང་ཚད་ཆན་ཝ་ཁྲི་5383.72ཟིན་པ་དེས་བསྡུར་ཚད་བཟུང་ཚད་93.26%ཟིན་པ་དང་། ནུས་རྒྱུ་གསར་པའི་སྒྲིག་སྦྱོར་འཕྲུལ་འཁོར་ནས་གློག་གཏོང་ཚད་ཆན་ཝ་ཁྲི་3974.07ཟིན་པ་དེས་བསྡུར་ཚད་བཟུང་ཚད་68.84%ཟིན་ནས་བསྡུར་ཚད་ཚང་མ་རྒྱལ་ཡོངས་ཀྱི་མདུན་གྲལ་དུ་སླེབས་ཡོད་པ་རེད།

སྔར་ཡོད་ཀྱི་འདྲེན་སྤྱོད་ཁྲོམ་ར་སྲ་བརྟན་དུ་གཏོང་བ་དང་དུས་མཚུངས་མཚོ་སྔོན་གྱིས་འདྲེན་སྤྱོད་ཁྲོམ་ར་གསར་པ་རྒྱུན་ཆད་མེད་པར་གསར་འབྱེད་བྱས་ནས་ནུས་རྒྱུ་གཙང་མ་རྒྱལ་ཡོངས་ཁྱབ་ཁོངས་སུ་ལེགས་སྒྲིག་བྱས་པ་རེད། ཟླ་6པར་མཚོ་སྔོན་གློག་དྲས་ཕྱི་ཕྱོགས་སུ་གློག་གཏོང་ཚད་ཆན་ཝ་ཆུ་ཚོད་དུང་ཕྱུར་27.4ཟིན་པ་དེ་དུས་མཚུངས་ལས་86.4%འཕར་ཡོད་པ་རེད། དེའི་ནང་ནུས་རྒྱུ་གཙང་མའི་གློག་ཕྱི་ཕྱོགས་སུ་ཆན་ཝ་ཆུ་ཚོད་དུང་ཕྱུར་27བཏང་བ་དེ་དུས་མཚུངས་ལས་48%འཕར་བ་དང་གློག་གཏོང་ཡུལ་ཞིང་ཆེན་དང་གྲོང་ཁྱེར་13ལ་ཁྱབ་ཡོད་པ་རེད།

“འདི་ལོ་ནས་བཟུང་ཀུང་སིས་གློག་དྲའི་ལས་གྲྭ་འཛུགས་སྐྲུན་ལ་མགྱོགས་མྱུར་སྐུལ་འདེད་བཏང་ནས་དར་དམར་ཆན་ཧྥུའུ་750ཡི་གློག་གཏོང་སྒྱུར་སོགས‘བྱེ་ཐང་དང་། གྲམ་ཐང་། ཐང་རྒོད’ཀྱི་རྟེན་གཞི་ཆེན་པོའི་གཙོ་གནད་ལྷན་སྦྱར་ལས་གྲྭ་ཁག་གཅིག་སྔ་སྣུར་དུ་བསྐྲུན་ནས་སྤྱོད་འགོ་ཚུགས་པ་དང་། འབྱུང་འགྱུར་རྒྱལ་ཁབ་གློག་དྲ་མཚོ་སྔོན་གློག་ཤུགས་ཀྱིས་གཙོ་གནད་ལས་གྲྭ་འཛུགས་སྐྲུན་ལ་མུ་མཐུད་གྲུབ་འབྲས་གསར་པ་ཐོབ་པར་་བྱས་ཏེ་མཚོ་སྔོན་གྱི་གནམ་མཐོའི་གློག་འདྲེན་ཕྱི་སྐྱེལ་བགྲོད་ལམ་གཉིས་པ་དང་གསུམ་པ་འཛུགས་སྐྲུན་བྱེད་པའི་དུས་འགོའི་ལས་དོན་ལ་མགྱོགས་མྱུར་སྐུལ་འདེད་བཏང་ནས་མཚོ་སྔོན་གྱི་ནུས་རྒྱུ་གཙང་མའི་ཐོན་ལས་ཀྱི་མཐོ་ས་འཛུགས་སྐྲུན་ལ་སྐུལ་འདེད་གཏོང་རྒྱུ་ཡིན”ཞེས་རྒྱལ་ཁབ་གློག་དྲ་མཚོ་སྔོན་ཞིང་ཆེན་གློག་ཤུགས་ཀུང་སིའི་འཛུགས་སྐྲུན་པུའི་ཀྲུའུ་རེན་ཧོ་ཨེན་ཅ་ཡིས་བཤད།