《西藏日报》 《西藏日报藏文版》 《人民日报藏文版》 《西藏商报》 《西藏法制报》 《西藏法制报藏文版》

2024年07月27日

པར་རིས་གསར་འགྱུར།

མཚོ་བོད་ས་མཐོའི་མཐིལ་དུ་གནས་པའི་གཙང་གསུམ་ཆུ་འགོའི་ས་ཁུལ་ནི་འབྲི་ཆུ་དང་། རྨ་ཆུ། རྫ་ཆུ་བཅས་ཀྱི་འབྱུང་ཁུངས་ཡིན་ཞིང་། གནམ་གཤིས་གྲང་ངར་ཆེ་བས་དྲོད་གཏོང་བའི་དུས་ཡུན་རིང་པོ་ཡོད། ཉེ་བའི་ལོ་ཤས་རིང་། མཚོ་སྔོན་ཞིང་ཆེན་གྱིས་གཙང་གསུམ་ཆུ་འགོའི་ས་ཁུལ་དུ་དྲོད་ལེན་གཙང་མ་ཁྱབ་རྒྱུར་མུ་མཐུད་སྐུལ་འདེད་བཏང་ནས་རྡོ་སོལ་སོགས་འབུད་རྫས་སྤྱོད་ཚད་ཉུང་དུ་བཏང་སྟེ། གཙང་གསུམ་ཆུ་འགོའི་ནམ་མཁའ་སྔར་བས་གཡའ་དག་པ་དང་། ཆུ་མོ་སྔར་བས་དྭངས་གཙང་། མི་དམངས་སྔར་བས་བདེ་སྐྱིད་བཅས་ཡོང་བར་བྱས་ཡོད། འདི་ནི་རྒྱལ་ཁབ་གློག་དྲ་མཚོ་སྔོན་མགོ་ལོག་གློག་གཏོང་ཀུང་སིའི་ལས་དོན་པས་རྨ་ཆེན་རྫོང་གི་ཆན་ཧྥུའུ་110ཡི་ཀྲི་ཀེ་གློག་སྒྱུར་ལས་གྲྭའི་ལས་ཡུལ་དུ་གློག་འདྲེན་སྦྲེལ་མཐུད་བྱེད་བཞིན་ཡོད་པ་དང་། ལས་གྲྭ་དེ་ལེགས་གྲུབ་བྱུང་རྗེས་ས་གནས་དེ་གའི་དྲོད་རླངས་མཁོ་འདོན་གྱི་གློག་སྤྱོད་ཐེག་ཚད་ཆེ་རུ་འགྲོ་བའི་དགོས་མཁོ་སྐོང་ཐུབ་པ་དང་གཙང་གསུམ་ཆུ་འགོའི་ས་ཁུལ་དུ་གློག་བརྟན་པོ་ཡོང་བའི་འགན་ལེན་ཐུབ་རྒྱུ་ཡིན་པ་རེད། འདི་ག་ཚགས་པར་གྱི་གསར་འགོད་པ་ཧོ་ཡུང་དང་ཆའོ་ཏུང་གིས་པར་བརྒྱབ་ནས་གནས་ཚུལ་སྤེལ་བ།