འདི་ག་ཚགས་པར་ཁང་དུ་པེ་ཅིང་ནས་གློག་འཕྲིན་འབྱོར་གསལ། གསར་འགོད་པར་ཞིང་ལས་གྲོང་གསེབ་པུའུ་ནས་ཤེས་རྟོགས་བྱུང་བར། རྒྱལ་ཡོངས་ཀྱི་དབྱར་ཁའི་འདེབས་གཉེར་སྡུད་གསུམ་གྱི་གཞི་ཁྱོན་ཆེ་བའི་གྲོ་ཁྱོན་ཡོངས་ནས་འཕྲུལ་བསྡུ་བྱེད་འགོ་ཚུགས་པ་དང་དེང་སྐབས་བཅུ་ཆ་གཉིས་ཙམ་བསྡུས་ཟིན་པའི་ནང་ལྷོ་ནུབ་ས་ཁུལ་དང་ཧུའུ་པེའི་གྲོ་བསྡུ་མཇུག་འགྲིལ་གྲབས་ཡོད་ཅིང་། ཧོ་ནན་གྱི་བཅུ་ཆ་གཉིས་ཙམ་བསྡུས་ཟིན་པ་དང་། ཅང་སུའུ་དང་། ཨན་ཧུའེ། ཧྲའན་ཤིས་བཅས་སུ་བསྡུ་འགོ་ཚུགས་པ་རེད། ཚེས་27ཉིན་གྱི་ཆུ་ཚོད་17བར་ས་གནས་ཁག་གིས་དགུན་གྲོ་མུའུ་ཁྲི་6000ལྷག་ཙམ་བསྡུས་པ་དང་ཉིན་རེའི་འཕྲུལ་བསྡུའི་རྒྱ་ཁྱོན་ཉིན་བཞི་བསྟུད་མར་མུའུ་ཁྲི་400ལྷག་ཙམ་ཟིན་པ་རེད།
(བསོད་བདེ་ཆེ་བས་བསྒྱུར། བསོད་བདེ་དང་མཚམས་གཅོད་ཀྱིས་ཞུས)